གཏེར་ཁ་སྔོག་དོན་ལ་ངོ་རྒོལ།

2009-06-25

བོད་ནང་ཁེ་ན་ཌའི་ཁེ་གཉེར་ཁང་གིས་གཏེར་ཁ་སྔོག་འདོན་གྱི་ལ་འཆར་ལ་བོད་མིས་ངོ་རྒོལ་བྱས་པ།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། བསྟན་འཛིན་དོན་ཡོད།

བོད་ནང་ཁེ་ན་ཌའི་ཁེ་གཉེར་ཁང་གིས་གཏེར་ཁ་སྔོག་འདོན་གྱི་ལ་འཆར་ལ་བོད་མིས་ངོ་རྒོལ་བྱེད་བཞིན་པ།

༄༅༎ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུའི་ཉིན་རྒྱ་ནག་དང་ཁེ་ན་ཌའི་གཏེར་ཁ་སྔོག་འདོན་ལས་ཁང་ནས་བོད་ནང་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ལ་ས་གནས་བོད་མིས་ལས་གཞི་དེ་དག་མཚམས་འཇོག་དགོས་པའི་ངོ་རྒོལ་བྱས་སྐབས་བོད་མི་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་རྗེས་ཚེས་ཉེར་བཞི་རེས་གཟའ་ལྷག་པའི་ཉིན་བཞུགས་སྒར་རྡ་རམ་ས་ལར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གོ་སྒྲིག་འོག་རྒྱ་ནག་དང་ཁེ་ན་ཌའི་གཏེར་ཁ་སྔོག་འདོན་ཁེ་གཉེར་ལས་ཁང་ནས་ལས་གཞི་དེ་དག་ཕྲལ་དུ་མཚམས་འཇོག་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་བཏང་འབྱོར་བྱུང་བར་གསན་རོགས༎

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

སྒྲ་ལྡན་གསར་འགྱུར།
སྒྲ་ཕབ་ལེན།
གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org