0:00 / 0:00
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ཟླ་བ་བཅུ་གཅིག་པའི་ཚེས་བཞི་རེས་གཟའ་མིག་དམར་གྱི་ཉིན་ཨ་མེ་རི་ཀའི་ནང་རྒྱལ་ཡོངས་སྲིད་འཛིན་དང་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ཅིག་གི་འོས་བསྡུ་བྱས་ཡོད་ཅིང་ཐེངས་འདིའི་འོས་བསྡུའི་ནང་དམངས་གཙོ་ཚོགས་པའི་འོས་དམིགས་སྐུ་ཞབས་བ་རཱཀ་ཨོ་བཱ་མ་མཆོག་སྲིད་འཛིན་དུ་འདེམས་ཐོན་བྱུང་བ་དེ་ནི་མི་རིགས་ནག་པོ་ཞིག་རྒྱལ་ཁབ་ཀྱི་ལས་གནས་མཐོ་ཤོས་སུ་འོས་འདེམས་བྱུང་བའི་ལོ་རྒྱུས་ཀྱི་རང་བཞིན་ཅན་ཞིག་ཏུ་གྱུར་ཡོད་པ་རེད། ཐེངས་འདིའི་འཛམ་གླིང་ནང་སྙན་གྲགས་ཅན་གྱི་མི་སྣ་དང་ས་གནས་ཀྱི་ལེ་ཚན་ནང་སྐུ་ཞབས་བ་རཱཀ་ཨོ་བཱ་མ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་ངོ་སྤྲོད་སྙིང་བསྡུས་ཤིག་ལྷུན་གྲུབ་ཚེ་རིང་ལགས་ནས་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎
