སྡོད་ཁང་ཆིག་སྟོང་གཏོར་བཤིག་བཏང་བ།


2013.04.03
རྒྱ་གཞུང་གིས་ཁམས་སྐྱེ་རྒུ་མདོར་བོད་མིའི་སྡོད་ཁང་ཆིག་སྟོང་གཏོར་བཤིག་བཏང་བ།
བོད་ནས་བཏང་འབྱོར།

༄༅༎ཁམས་ཡུལ་ཤུལ་སྐྱེ་རྒུ་མདོ་གྲོང་ཚོར་བོད་མིའི་སྡོད་ཁྱིམ་ཆིག་སྟོང་ལྷག་ཙམ་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་སྐྱེ་རྒུ་མདོ་ཁུལ་དུ་མང་ཚོགས་ཀྱི་སྡོད་ཁང་བཙན་དབང་གིས་བཤིག་སྟེ་ཁྱིམ་ཚང་མང་པོའི་ཅ་དངོས་ཀྱང་བསྡུ་ལོང་མ་བྱུང་བར་བཙན་ཤེད་ངང་ཁོང་ཚོའི་ཁང་པ་གཏོར་བཤིག་བཏང་ཡོད་འདུག་ལ།  ཁང་པ་བཤིག་པའི་སྐབས་རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་མི་དང་ཉེན་རྟོག་པ་མང་པོ་མངགས་གཏོང་བྱས་པ་དེ་དག་གིས་བོད་མི་རྣམས་རང་ཁྱིམ་ནས་ཕྱིར་འབུད་བཏང་བའི་གནས་ཚུལ་བྱུང་འདུག  བརྗོད་ཡག་ལ།    མང་ཚོགས་ཀྱི་ཁང་པ་བཙན་ཤེད་ངང་བཤིག་པའི་ལས་གཞི་འདི་གཞི་རྒྱ་ཆེ་ཞིང་། ཁང་པ་འདི་དག་ནི་ས་གནས་མང་ཚོགས་སྒེར་གྱིས་མ་དངུལ་བཏང་སྟེ་ས་ཆ་ཉོས་ནས་སྒེར་ངོས་ནས་བརྒྱབ་པའི་ཁང་པ་ཡིན་པ་དང་།   ལས་འགུལ་དེ་རིགས་སྤེལ་རྒྱུའི་སྔོན་བརྡ་སོགས་གང་ཡང་མ་བཏང་བར་ཁང་པ་གཏོར་བཤིག་བཏང་བར་བརྟེན་མང་ཚོགས་སྡོད་ས་མེད་པ་མ་ཟད། ད་ལྟ་གུར་ཙམ་ཡང་རྒྱག་མི་ཆོག་བཙན་བཀའ་བཏང་ཡོད་འདུག སྐྱེ་རྒུ་མདོར་ས་ཡོམ་གྱི་གནོད་འཚེ་མ་བྱུང་སྔོན་མི་མང་པོ་ཞིག་གིས་སྐྱེ་རྒུ་གྲོང་རྡལ་གྱི་ས་ཆ་ཉོས་ནས་ཁང་པ་བརྒྱབ་སྟེ་འཚོ་གནས་བྱེད་བཞིན་ཡོད་པ་རེད། ས་ཡོམ་གྱི་གོད་ཆག་བྱུང་བའི་རྗེས་ཁ་པ་བཤིག་ན་ཡང་གཞུང་ཕྱོགས་ནས་གནོད་འཚེ་ཕོག་ཡུལ་ས་གནས་ཀྱི་མི་མང་ལ་ཁང་པ་གསར་རྒྱག་གི་འཛུགས་སྐྲུན་བྱས་མེད་པར་བརྟེན་མི་མང་པོ་ཞིག་གིས་སོ་སོའི་ས་ཆའི་སྟེང་སྒེར་གྱི་མ་དངུལ་བཏང་ནས་ཁང་པ་གསར་རྒྱབ་བྱས་ཡོད་འདུག།  འོན་ཀྱང་གཞུང་ཕྱོགས་ནས་འགྲེལ་བརྗོད་ཡག་ལ།    ཁོང་ཚོའི་ཐེམ་ཐོ་ཡོད་ས་འདི་སྐྱེ་རྒུ་གྲོང་རྡལ་གྱི་ཁོངས་སུ་མིན་པས་དེ་སྔོན་ཁོང་ཚོར་ཡོད་པའི་ས་ཁང་གི་བདག་དབང་ལ་ཁས་ལེན་བྱ་རྒྱུ་མིན་སྐོར་བཤད་ཡོད་འདུག།  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎