བྱང་ཨ་རིའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཀྱི་ལོ་འཁོར་ལྷན་ཚོགས་དེ་མི་ནི་སོ་ཊར་ཁ་ས་མཇུག་སྒྲིལ་བྱུང་ཡོད་འདུག
༄༅༎བྱང་ཨ་རིའི་ཁུལ་གྱི་ས་གནས་བོད་ཀྱི་གཞོན་ནུའི་རྒྱུན་ལས་ཀྱི་ལོ་འཁོར་ལྷན་ཚོགས་དེ་རེས་གཟའ་སྤེན་པ་ཕྱི་ཚེས་ཉི་ཤུ་བདུན་ཉིན་ཨ་རིའི་མངའ་སྡེ་མི་ནི་སོ་ཊའི་རྒྱལ་ས་མིན་ཡ་པོ་ལིསི་ནང་ལྷན་ཚོགས་གནང་ཡོད་པ་ལྟར་ཁ་ས་མཇུག་སྒྲིལ་བྱུང་ཡོད་འདུག
བྱང་ཨ་རིའི་ཁུལ་དུ་ད་ལྟའི་ཆར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སིའི་གཙོས་ནིའུ་མེཀ་སི་ཀོ་དང་གཞན་ཡང་ཨ་རིའི་གྲོང་ཁྱེར་སེན་ཕེ་རན་སིསི་ཀོ་དང་པོ་ཊི་ལེནདྲ།སི་ཡ་ཊེལ།མི་ནི་སོ་ཊ།ལྦར་མོན་ཊི་ནང་སྦར་ལིང་ཊོན་ས་གནས་བོད་ཀྱི་གཞོན་ནུ་དང་རྒྱལ་ས་ལྦ་ཤིང་ཊོན་དང་ཁེ་ན་ཌའི་གྲོང་ཁྱེར་ཊོ་རན་ཊོ་བཅས་ཁྱོན་བསྡོམ་ས་ཁུལ་ཁག་དགུའི་ནང་ས་གནས་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་བཙུགས་ཡོད་པ་དང་ས་གནས་གཞོན་ནུའི་རྒྱུན་ལས་ཀྱི་ལོ་འཁོར་ལྷན་ཚོགས་དེ་ལོ་ལྟར་ས་ཁུལ་བསྐོར་རེས་ཀྱིས་གནང་གི་ཡོད་པ་དང་རྒྱུན་ལས་ལྷན་ཚོགས་ཀྱི་ཐོག་བོད་ཀྱི་ག ཞོན་ནུའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ལས་འཁུར་ཞུ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་གནང་གི་ཡོད་པ་དང་ཐེངས་འདིའི་ལྷན་ཚོགས་ཐོག་སྐུ་མགྲོན་གཙོ་བོར་རྒྱ་གར་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དབུས་སྤྱི་ཁྱབ་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱང་ཆེད་ཕེབས་ཀྱིས་ཐེངས་འདིའི་ཉིན་གཉིས་ཀྱི་ལོ་འཁོར་ལྷན་ཚོགས་དེ་གཙོ་སྐྱོང་གནང་ཡོད་འདུག
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
བོད་ཀྱི་རིག་གཞུང་དང་རྒྱལ་རབས་ཞིབ་འཇུག་གི་ལྷན་ཚོཊ།
བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་བཞི་འཛིན་བཟུང༌།
བོད་ཀྱི་རིག་གཞུང་སྲུང་དང་གོང་འཕེལ་གཏོང་ཕྱོཊ།
ཕུལ་བྱུང་གསར་འགོད་པའི་དགོས་ངེས་ཅན།
རྒྱ་གར་རྡོ་རྗེ་གླིང་ནང་གི་བོད་པའི་མགྲོན་ཁང༌།
རང་ཡུལ་ལ་རྒྱང་གཟིགས་གནང་བ་ཡིན་ནམ།
བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་སྐོར།
ཨོ་སྦ་མས་བོད་དོན་ལ་ཐུཌ་འཁུར་ཆུང་དྲག་གི་ཡོད་པ་དེ་འདྲ་མིན།
Comments
You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.
View all comments.