དེ་རིང་རོའུ་ཀྲར་གསར་འགྱུར་ལས་ཁང་གི་གནས་ཚུལ་སྤེལ་བའི་ནང༌། Hu Jintao ཡི་མ་འོངས་པའི་ཤུལ་འཛིན་པར་ངེས་པའི་ད་ལྟའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་Xi Jinping གིས་གཙོ་སྐྱོང་བྱས་པའི་རྒྱ་ནག་གི་མཐོ་རིམ་དཔོན་རིགས་འགའ་ཤས་འདུ་འཛོམས་ཀྱི་ཚོགས་འདུའི་ཐོག་Hu Jintao ཡིས་སྐད་ཆ་དེ་བཤད་པ་དང༌། སྐད་ཆའི་ནང་དོན་ཡོངས་རྫོགས་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གི་ཚགས་པར་མང་ཆེ་བའི་མདུན་ཤོག་ཏུ་གལ་ཆེ་དོན་ཆེན་གྱིས་བཀོད་ཡོད་ཅིང༌། དེའི་གོ་དོན་ནི། འདི་ལོའི་ལོ་མཇུག་ཏུ་ཚོགས་རྒྱུའི་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་ཐོག་དོན་ཚན་དེ་གཉིས་བཤད་རྒྱུའི་བརྗོད་གཞི་ཡང་དེ་ཡིན་པའི་སྔོན་བརྡ་བཏང་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་དང༌། འོན་ཀྱང་Hu Jintao ཡིས། རྒྱ་ནག་གི་Chongqing གྲོང་ཁྱེར་སྤྱི་ཁྱབ་པ་Bo Xilai ཡིས་ནོར་འཁྲུལ་བྱས་པའི་ནག་ཉེས་དང༌། ཁོང་གིས་བཟའ་ཟླས་དབྱིན་ཇིའི་ཚོང་པ་ཞིག་བསད་པའི་ནག་ཉེས་བཙུགས་པའི་ཐོག་ནས་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་གྲུང་ཆིང་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེའི་གོ་གནས་གནས་དབྱུངས་བཏང་བའི་Bo Xilai སྐོར་ལ་གང་ཡང་བཤད་མེད་ནའང་Hu Jintao ཡིས། རྒྱ་ནག་གི་དཔལ་འབྱོར་མུ་མཐུད་འཕེལ་རྒྱས་ཕྱོགས་སུ་མདུན་བསྐྱོད་བྱས་ཏེ། ཕྱི་ཚུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་དེ་ནི་Hu Jintao ཡི་ཆབ་སྲིད་ཀྱི་བྱས་རྗེས་གཙོ་བོ་ཞིག་ཏུ་ངོས་འཛིན་བྱེད་པ་ལྟར། མ་འོངས་པའི་ཁོང་གི་རྗེས་ཤུལ་མི་རབས་ལྔ་པའི་འགོ་ཁྲིད་ཀྱིས་ཀྱང་ལྟ་གྲུབ་དེའི་ཐོག་བསྐྱོད་དགོས་པའི་སྲིད་ཇུས་ཤིག་ཡིན་པའི་སྐོར་བཀོད་ཡོད་ལ། ད་དུང་ཚོགས་འདུའི་ཐོག་ལ། གུང་ཁྲན་ཏང་མིའི་ནང་ཁུལ་དུ་རྡོག་རྩ་ཆིག་སྒྲིལ་བྱ་དགོས་པའི་གཏམ་བཤད་བྱས་ཏེ། དབུས་ཏང་གི་འགོ་ཁྲིད་དང༌། ཞིང་ཆེན་རིམ་པའི་དཔོན་རིགས་གང་ཞིག་མ་འོངས་པའི་མི་རབས་གསར་པའི་འགོ་ཁྲིད་ནང་སླེབས་པ་ཚོས་ཆིག་སྒྲིལ་གྱི་ནུས་པ་འདོན་སྤེལ་བྱ་དགོས་པ་བཤད་ཡོད་འདུག
