Wang Lijun ཡིས་ད་ལོ་ཕྱི་ཟླ་༢པའི་ནང་ཁྲིན་ཏུར་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཁང་དུ་སྐྱབས་བཅོལ་ཞུས་རྗེས་ Bo Xilai དང་ཁོང་གི་བཟའ་ཟླ་གཉིས་ལ་དབྱིན་ཇིའི་ཚོང་པ་དམར་བསད་བཏང་བའི་ནག་ཉེས་ཕོག་པའི་གནས་ཚུལ་དེ་བྱུང་ཡོད་པ་རེད།
Wang Lijun ལ་ལོ་༡༥འི་བཙོན་དུས་ཉེས་ཆད་བཏང་བ་དེ་ནི་། རྒྱ་ནག་གཞུང་འབྲེལ་དཔོན་རིགས་ཚོས་ ཟླ་བ་རྗེས་མར་རྒྱ་ནག་གི་འགོ་ཁྲིད་བརྗེ་འགྱུར་འགྲོ་རྒྱུའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་མ་ཚུགས་གོང་ཐག་གཅོད་བྱས་པ་ཞིག་ཡིན་པ་རེད།
Wang ཐོག་ གཞུང་ལ་རྒྱབ་གཏོད་བྱས་པ་དང༌། ལྐོག་རྔན་ལེན་པ། དབང་ཆ་བེད་སྤྱོད་ལོག་པ་བཏང་བ་དང༌། རང་དོན་གྲུབ་ཐབས་སུ་ཁྲིམས་ལ་བརྩི་སྲུང་མ་བྱས་པ་སོགས་ཀྱི་ནག་ཉེས་མང་པོ་ཞིག་བཙུགས་བཞག།
དམར་ཤོག་ཚོགས་པས་ Bo Xilai ཐོག་ཏང་གི་སྒྲིག་གཞིར་འགལ་འཛོལ་བྱས་པའི་གནད་དོན་ཐོག་རྟོག་ཞིབ་བྱེད་བཞིན་ཡོད་པ་དང༌། ཁོང་ཟླ་བ་མང་པོའི་རིང་ཕྱི་ཕྱོགས་སུ་མཐོང་རྒྱུ་མེད་པར་གྱུར་ཡོད།
ཁྲིན་ཏུ་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ Wang Lijun གིས་ཁྲིམས་ལ་སྲུང་བརྩི་མ་བྱས་པ་དེ་ཁྲིམས་འགལ་ཚབས་ཆེ་ཤོས་སུ་རྩིས་ཡོད་ནའང༌། Bo Xilai གི་བཟའ་ཟླ་Gu Kailai ཡིས་དབྱིན་ཇིའི་ཚོང་པ་Neil Heywood ལ་དུག་སྤྲད་ནས་བསད་པའི་གནས་ཚུལ་
བཤད་པར་བརྟེན། Wang ལ་ཁྲིམས་ཁང་ནས་ཉེས་ཡང་བཏང་ཡོད་ལུགས་འགྲེལ་བརྗོད་བྱས་འདུག་ལ། Wang ཡིས་ཐག་གཅོད་དེའི་ཐད་ཁྲིམས་གཏུག་བྱ་རྒྱུ་མིན་པའི་སྐོར་ཁྲིམས་ཁང་གིས་བརྗོད་འདུག
