བོད་དོན་ཡིག་ཆར་དམ་བསྒྲགས།


2013.07.17
རྒྱ་ནག་གཞུང་ནས་བོད་དོན་དང་འབྲེལ་བའི་ཡིག་ཆར་དམ་བསྒྲགས་ཆེ་རུ་གཏང་རྒྱུ།
ཊ་ཡམས་ ཨོཕ་ ཨིན་ཌི་ཡ།

༄༅།    །དེ་རིང་ཕྱི་ཚེས་༡༧ཉིན་The Times of India ཞེས་པའི་རྒྱ་གར་གྱི་ཉིན་རེའི་གསར་ཤོག་གི་དྲ་གནས་ཐོག་གནས་ཚུལ་སྤེལ་དོན་ལྟར་ན།    རྒྱ་ནག་གཞུང་གིས་ལོག་སྤྱོད་པའི་བསམ་ཚུལ་དར་སྤེལ་གཏང་རྒྱུའི་ཡིག་ཆ་ཁྲིམས་འགལ་སྒོ་ནས་པར་བསྐྲུན་བྱས་པ་དང་།    འགྲེམས་སྤེལ། ཏར་འཕྲིན་བརྡ་ལན་གཏོང་ལེན། དཔེ་དེབ་སོགས་ལ་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་དང་།    དེ་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་འཁོད་པའི་དཔེ་དེབ་དང་དྲིལ་བསྒྲགས་ཀྱི་ཡིག་ཆ་ཁག་མེད་པ་བཟོ་རྒྱུར་དམིགས་ཚུལ་བརྗོད་འདུག རྒྱ་ནག་རྒྱལ་ཡོངས་ཀྱི་འཆལ་སྤྱོད་བཀག་འགོག་དང་ཁྲིམས་འགལ་གྱི་ཡིག་ཆ་པར་བསྐྲུན་སྔོན་འགོག་ལས་ཁང་གི་དཔོན་རིགས་མཐོ་གྲས་Li Changjiang ཡིས་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཁོངས་སུ་དཔེ་དེབ་དང་།    ཚགས་པར། དུས་དེབ། དྲིལ་བསྒྲགས་ཀྱི་ཡིག་ཆ། བརྡ་འཕྲིན། སྐད་ཆ་གོ་རྒྱུ་དང་མཐོང་རྒྱུ་ཡོད་པའི་ཐོན་རྫས། བརྙན་འཕྲིན་དང་རླུང་འཕྲིན་གྱི་ལེ་ཚན་ཁག་མ་ཚད། དྲ་རྒྱ་སོགས་ནས་པར་བསྐྲུན་བྱས་པའི་ཡིག་ཆ་ཁག་ཀྱང་ཁྲིམས་འགལ་ལམ་གྱེན་ལོག་པའི་ཡིག་ཆར་རྩིས་རྒྱུ་ཡིན་ལུགས་བརྗོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎