དེ་ཡང་རེས་གཟའ་མིག་དམར་ཉིན་ཕྱི་དྲོ་ལྕམ་Clinton མཆོག་རྒྱ་ནག་ཏུ་ཕེབས་འབྱོར་གནང་གི་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་ཤིན་ཧ་གསར་ཁང་གིས་། རྒྱ་ནག་དང་ཉི་ཧོང། Philippine དབར་ས་ཆའི་བདག་དབང་རྩོད་གཞིའི་གནད་དོན་ཐད་ཨ་མི་རི་ཀའི་གཞུང་གི་ལངས་ཕྱོགས་ལ་སྐྱོན་བརྗོད་དང་མཉམ། ཨ་རི་གཞུང་གིས་གཡོ་ཇུས་ཅན་དང་། རྒྱབ་མདུན་ངོ་ལྐོག་གི་སྲིད་ཇུས་དང་། རྒྱ་ནག་ནང་གི་ཆབ་སྲིད་ཐད་ཐེ་ཇུས་བྱེད་རྒྱུ་མཚམས་འཇོག་དགོས་པའི་ཉེན་བརྡ་བཏང་ཡོད་པ་རེད་འདུག