རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་བཀོད་མཁན་གྱི་གསར་འགོད་པ་ཞིག་ལ་ལོ་བཞིའི་བཙོན་བཅུག་ཉེས་ཆད་བཀལ་ཡོད་འདུག
༄༅༎རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཀྱི་གནས་ཚུལ་བཀོད་མཁན་གྱི་གསར་འགོད་པ་ཞིག་ལ་ལོ་བཞིའི་བཙོན་བཅུག་ཉེས་ཆད་བཀལ་ཡོད་འདུག
ཤང་དྲོང་ས་ཁུལ་ནས་ཡིན་པའི་ཆི་ཆོང་ཧུས་ཞེས་པའི་གསར་འགོད་པ་ཞིག་གིས་བཙན་དབང་གི་ཐོག་ནས་གཞིས་སྤོས་བྱས་པའི་ཞིང་པའི་གནས་སྟངས་སྐོར་དང༌། དེ་བཞིན་ཁོར་ཡུག་ལ་གནོད་སྐྱོན་བཏང་བའི་བྱ་སྤྱོད་སོགས་ཀྱི་སྐོར་སྐྱོན་བརྗོད་ཀྱི་གནས་ཚུལ་བརྩམ་བྲིས་བྱེད་བཞིན་ཡོད་པར་བརྟེན་ཁོ་པའི་གནས་ཚུལ་བཀོད་རྒྱུར་ཚོགས་སྡེ་དང༌། ཚོང་དོན་ཚན་པ་ཁག་ནས་དངུལ་ལེན་གྱི་ཡོད་ལུགས་ཀྱི་ཉེས་བཙུགས་བྱས་ཏེ་འཛིན་བཟུང་ཐོག་
ཁ་ས་ལོ་བཞིའི་བཙོན་བཅུག་གི་ཉེས་ཆད་བཀལ་ཡོད་ལུགས་ཁོ་པའི་བཟའ་ཟླས་ཨེ་ཨེཕ་པི་གསར་འགོད་པར་འགྲེལ་བརྗོད་བྱས་འདུག ཁོ་མོས་མུ་མཐུད་ནས་གནས་ཚུལ་བཀོད་རྒྱུར་གསར་འགོད་པར་དངུལ་སྤྲོད་རྒྱུའི་ལུགས་སྲོལ་འདི་བཞིན་རྒྱ་ནག་ནང་ལམ་སྲོལ་ཡོད་མུས་ཤིག་ཡིན་པ་དང༌། དེ་དག་གསར་འགོད་པའི་ལས་ཀའི་ངོ་བོའི་ཐོག་ནས་མ་འགྲིགས་པ་ཡིན་ན་ལས་དེ་ནག་ཉེས་གང་ཡང་མཐོང་གི་མི་འདུག དེ་འདྲ་ཡིན་དུས་ཉེས་ཆད་འདི་ནི་ཧ་ཅང་ཆེ་དྲག་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་འདུག གསར་འགོད་པ་ཆི་ཆོང་ཧུ་ལ་ཁྲིམས་ཆད་བཀལ་བ་དེར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ནས་ཀྱང་། དེ་ནི་རྒྱ་ནག་གཞུང་ནས་ཨོ་ལིམ་པིག་རྩེད་འགྲན་ཚུགས་ལ་ཉེ་བའི་སྐབས་འདིར་ཡང་གཞུང་ལ་སྐྱོན་བརྗོད་ཀྱི་གསར་འགྱུར་བཀོད་མཁན་ཚོར་དྭངས་ཟུག་བྱས་པའི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་བྱས་ཡོད་འདུག
རྒྱ་ནག་ནང་འདས་པའི་ཟླ་བ་འགའ་ཤས་ནང་། གསར་འགོད་པ་ཁག་ཅིག་ཁྲིམས་ཆད་བཀལ་ཡོད་པ་དེ་དག་གཞུང་མགོ་རྟིང་སློག་རྒྱུའི་བྱ་
སྤྱོད་ཅིག་རེད་ཅེས་ཉེས་བཙུགས་བྱས་ཡོད་པ་རེད༎
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
བོད་རྒྱ་འབྲེལ་མོལ་རྗེས་ཀྱི་གསར་འགོད་གསལ་བསྒྲགས།
ཉི་ཧོང་དུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ།
བོད་ཆབ་མདོ་སྨར་ཁམས་འོད་ཟེར་དགོན་པར་དམ་བསྒྲགས་བྱེད་པ།
བལ་ཡུལ་དུ་འཛིན་བཟུང་བྱས་པའི་བོད་མི་གསུམ་གློད་འགྲོལ་ཐོབ་པ།
ཨ་རིའི་སྲིད་འཛིན་འོས་མི་ཨོ་སྦ་མ་ཨོ་ལིམ་པིག་ཏུ་ཕེབས་རྒྱུ་མིན་པ།
བོད་ཀྱི་འགྲུལ་བཞུད་ཅེས་པའི་དཔེ་དེབ་སྐོར།
ནང་སོག་གི་དཀའ་ངལ་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་བརྗེད་སྐོར།
བོད་རྒྱའི་འབྲེལ་མོལ་ཐངས་བདུན་པའི་སྐོར།