རྒྱ་གར་དང་རྒྱ་ནག་གཉིས་བར་གྲོས་མོལ་ཐོག་མ་བྱ་འཆར།

རྒྱ་ནག་གི་དཔོན་རིགས་ཏེ་པིན་གོ་རྒྱ་གར་དུ་འཚམས་འདྲིར་ཡོང་རྒྱུའི་འཆར་གཞི་ཡོད་པ་ལྟར་སྤྱི་ལོ་༢༠༡༣ལོའི་རྒྱ་གར་དང་རྒྱ་ནག་གཉིས་བར་གྲོས་མོལ་ཐོག་མ་དེ་བྱ་རྒྱུ་ཡིན་པ་རེད་འདུག

རྒྱ་གར་དང་རྒྱ་ནག་བར་གྱི་ས་མཚམས་འགག་སྒོ།
An Indian soldier (L) and his Chinese counterpart stand still before a ceremony marking the re-opening of the China-India border at the 15 000-feet (4545-metre) Nathu La Pass, in India's northeastern state of Sikkim, 06 July 2006. India and China reopened a famed Silk Road pass in the Himalayas, allowing the first direct border trade between the Asian giants since their brutal frontier war 44 years ago. Merchants were greeted on each side with silk scarves, music and folk dancing after crossing the border through a stone-walled passageway that has replaced the barbed wire that had kept them apart since 1962. (DESHAKALYAN CHOWDHURY/AFP)

དེ་ཡང་རྒྱ་ནག་གི་དཔོན་རིགས་Dai Bingguo ཡིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་པ་རྣམས་ཟླ་བ་འདིའི་ཕྱི་ཚེས་༡༠ཉིན་རྒྱ་གར་དུ་Brazil དང་Russia, རྒྱ་གར། རྒྱ་ནག ལྷོ་ཨ་ཧྥི་རི་ཀ་རྒྱལ་ཁབ་བཅས་ཀྱི་ཆེས་མཐོའི་བདེ་འཇགས་དཔོན་རིགས་རྣམས་ལྷན་ཚོགས་གནང་གི་ཡོད་པ་དེར་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་། གནས་ཚུལ་ཐོན་པར་གཞིགས་ན། རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་Shivshankar Menon དང༌། རྒྱ་ནག་གི་སྐུ་ཚབ་Dai Bingguo གཉིས་ཀྱིས་རྒྱ་དཀར་ནག་གི་ས་མཚམས་ཟེར་བའི་རྙོག་དྲའི་གནད་དོན་དང༌། རྒྱ་ནག་ནང་དུ་ཉེ་ཆར་དཔོན་རིགས་གསར་པ་འཕོ་འགྱུར་ཕྱིན་པའི་རྗེས་ཕྱོགས་གཉིས་པོའི་འབྲེལ་བ་གསར་པ་གོང་འཕེལ་གཏོང་ཐབས་ཀྱི་གནད་དོན་ཐོག་གོ་བསྡུར་བྱ་རྒྱུ་ཡིན་པ་རེད་འདུག ཡུལ་གཉིས་བར་ས་མཚམས་ཀྱི་རྩོད་གཞིའི་གནད་དོན་ཐོག་གྲོས་མོལ་ཐེངས་༡༥བྱས་ཟིན་པ་དང༌། གྲོས་མོལ་ཐེངས་༡༥ པ་དེ་ཐོག་མའི་འཆར་གཞིར་༢༠༡༡ ལོའི་ཕྱི་ཟླ་༡༡ པའི་ནང་དུས་ཚོད་བཟོས་ཡོད་ཀྱང་སྐབས་དེར་རྒྱ་གར་ནང་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཤིག་ཚོགས་པའི་ཐོག་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་བཀའ་སློབ་བསྩལ་བའི་རྐྱེན་གྱིས་རྒྱ་ནག་གཞུང་ཁོང་ཁྲོ་ཆེན་པོས་གྲོས་མོལ་གྱི་དུས་ཚོད་མེད་པ་བཟོས་ཀྱང་བསྐྱར་དུ་༢༠༡༢ ལོའི་ཕྱི་ཟླ་དང་པོའི་ཟླ་མཇུག་ཏུ་བྱས་ཡོད་པ་རེད། འོན་ཀྱང་བཙན་བྱོལ་ནང་གི་བོད་པའི་ཚོགས་པ་ཁག་གིས་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་གྲོས་མོལ་དེ་ནི་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཡིན་པས་དེ་ལ་འབྲས་བུ་གང་ཡང་ཐོན་རྒྱུ་མིན་ཞིང༌། ༡༩༤༩ ལོར་བོད་རྒྱ་ནག་གིས་བཙན་འཛུལ་མ་བྱས་བར་བོད་དང་རྒྱ་གར་གྱི་ས་མཚམས་ལས་རྒྱ་ནག་གི་ས་མཚམས་ཟེར་མེད། ས་མཚམས་ཀྱི་གནད་དོན་དེ་ནི་བོད་ཀྱི་གནད་དོན་ཞིག་ཡིན་པས། རྒྱ་ནག་ཕྱོགས་ནས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་དང་མ་བདག་ཡིན་ཁུལ་བྱེད་པའི་ཐོབ་ཐང་མེད་པ་རེད་ཅེས་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།