སྲིད་སྐྱོང་བས་ཁ་ཆེ་བླ་ཆེན་ལ་གསལ་བཤད་བྱས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་རྒྱ་གར་རྒྱལ་ས་ལྡི་ལིར་ཡོད་པའི་ཁ་ཆེའི་བླ་ཆེན་མཆོག་གི་གཟིམ་ཤག་ཏུ་བཅར་ཏེ་ཁོང་དང་མཇལ་འཕྲད་གནང་འདུག

བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇ་མ་མ་སི་ཇི་དེ་ཆིག་སྒྲིལ་ཚོཌ་པའི་ཚོཌ་གཙོ་ཁ་ཆེའི་བླ་ཆེན་Syed Yahya Bukhari མཆོག་མཇལ་འཕྲད་གནང་སྟེ་ཁ་ཆེའི་ཆོས་ཕྱོཌ་ཀྱི་དུས་ཆེན་Eid ལ་འཚམས་འདྲི་ཞུས་པ་དང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་བོད་མི་ཁ་ཆེ་བ་རྣམས་ལ་ཁ་ཆེའི་ལྷ་ཁང་བཞེང་རྒྱུ་མཚོན་པས་དམིཌ་བསལ་གཟིཌ་སྐྱོང་གནང་སྐོར་སོཊ་ཞུས་འདུག ཡང་སྐབས་དེར་བཀའ་ཁྲི་མཆོག་གིས་རྒྱ་གར་ནང་བོད་མི་ཁ་ཆེ་ཡོད་པ་རྣམས་མང་ཆེ་བ་ཀ་ཤི་མི་རིའི་ནང་གནས་སྡོད་བྱེད་བཞིན་པ་དང་། ཁོང་ཚོ་བོད་མིའི་རིག་གཞུང་རྒྱུན་འཛིན་ཐོག་རང་གི་ཕ་མེས་ཀྱི་ཁ་ཆེའི་ཆོས་ཉམས་ལེན་བྱེད་མུས་སྐོར་དང་། ཉེ་ལམ་ཁ་ཆེའི་སྤྱི་ཚོཌ་ཁྲོད་བོད་མིར་མཐོང་ཚུལ་ལོག་པ་བཟོ་རྒྱུའི་འཁྱོག་བཤད་ཀྱི་རྫུན་གཏམ་དེ་དག་ལ་གཞི་རྩ་མེད་ཐོག་བོད་ཡུལ་ཤུལ་ཁུལ་གྱི་ས་ཡོམ་སྐབས་ཀྱི་པར་རིས་ཁག་གཅིག་དངོས་སུ་བླ་ཆེན་ཁག་ལ་བསྟན་ནས་མི་རིགས་བར་རྙོག་ཟིང་ཡོང་ཆེད་འདྲ་པར་དེ་དག་བེད་སྤྱོད་ལོག་པར་བཏང་བ་ཡང་གསལ་བཤད་བྱས་ཡོད་འདུག

སྐབས་དེར་ཁ་ཆེའི་བླ་ཆེན་Syed Yahya Bukhari མཆོག་གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༡༠་ལོར་ཇ་མ་མ་སི་ཇི་དི་ཁ་ཆེའི་ལྷ་ཁང་ལ་གནས་གཟིཌ་སུ་ཆིབས་བསྒྱུར་བསྐྱངས་སྐབས་ཁོང་རང་ཉིད་ནས་ཕེབས་བསུར་བཅར་བ་དང་ཁོང་གིས་དུས་རྟག་ཏུ་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གུས་བརྩི་ཧ་ཅང་ཆེན་པོ་ཞུ་བཞིན་ཡོད་སྐོར་གསུངས་པ་མ་ཟད། ད་རེས་བཀའ་ཁྲི་མཆོག་དང་མཇལ་འཕྲད་བྱུང་བ་དེར་ཁོང་ཧ་ཅང་དགའ་པོ་བྱུང་བ་དང་། བོད་མི་དང་ཁ་ཆེ་བར་མཐུན་ལམ་བཟང་པོ་བསྐྲུན་ཕྱིར་མཇལ་འཕྲད་དེ་འདྲ་ཡང་ཡང་གནང་དགོས་པའི་དགོངས་ཚུལ་ཡོད་བཏོན་གནང་ཡོད་འདུག