ཨ་མི་རི་ཀའི་རྒྱལ་སར་བོད་དོན་བདེན་པའི་མེ་ལྕེ།

བོད་ནང་གི་ཛ་དྲག་གནས་སྟངས་དང་སྤྱི་འཐུས་རྒྱུན་ལས་ནས་གོ་སྒྲིག་གིས་སྤེལ་བའི་བོད་དོན་བདེན་པའི་མེ་ལྕེ་ལས་འགུལ་ཁྲོད་བྱང་ཨ་རིའི་མེ་ལྕེ་ཨ་མི་རི་ཀའི་རྒྱལ་ས་ནས་སྒྲོན་ཏེ་སྐོར་བསྐྱོད་བྱས་ཡོད་པ་རེད།

སྐབས་དེར་རྒྱལ་ས་དང་། གྲོང་ཁྱེར་ནེའུ་ཡོག་གཙོས་ཉེ་འཁོར་ས་གནས་བོད་མི་དང་། བོད་སོན་རྒྱབ་སྐྱོར་བརྒྱ་ཕྲག་ཁ་ཤས་འཛོམས་ཐོག་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་དང་། དོན་གཅོད་པ་བློ་བཟང་སྙན་གྲགས་དང་། རྒྱལ་སའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཀརྨ་རྒྱ་མཚོ། ས་གནས་བོད་ཀྱི་གཞོན་ནུའི་འཐུས་མི། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུང་ཚེ་རིང་། རྒྱལ་སྤྱིའི་ཉེ་ཡངས་ཚོགས་པའི་ངེས་སྟོན་པ་སྐུ་ཞབས་ཀྲེ་ཀོ་མར་དང་། ཡུ་གུར་མི་རིགས་འཛམ་གླིང་མཐུན་ཚོགས་ཀྱི་ཚོགས་གཙོ་ལྕམ་རེ་བྷེ་ཡ། ངལ་རྩོལ་བསྒྱུར་བཀོད་ཐེབས་རྩའི་གཙོ་འཛིན་ཧེ་རེ་ཝུ་སོགས་ནས་བོད་དོན་དང་འབྲེལ་རང་དབང་བདེན་པའི་འཐབ་རྩོད་ཀྱི་གཏམ་བཤད་སྤེལ་ནས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་ཡོད་པ་རེད།