བོད་ལྗོངས་གསར་འགྱུར་བརྒྱུད་བསྒྲགས་ཞེས་པའི་ལས་རིམ་ཐོག་བོད་ནང་ཉེ་ཆར་བྱུང་བའི་དོན་རྐྱེན་དང་དེ་དང་འབྲེལ་བའི་གནད་དོན་སྐོར་གྱི་གནས་ཚུལ་ཁག་ཅིག་བཏོན་ཡོད་པ་རེད།
༄༅༎ཕྱི་ཟླ་ལྔ་པའི་ཚེས་༡༠ ཉིན་བོད་ལྗོངས་གསར་འགྱུར་བརྒྱུད་བསྒྲགས་ཞེས་པའི་ལས་རིམ་ཐོག་བོད་ནང་ཉེ་ཆར་བྱུང་བའི་དོན་རྐྱེན་དང་དེ་དང་འབྲེལ་བའི་གནད་དོན་སྐོར་གྱི་གནས་ཚུལ་ཁག་ཅིག་བཏོན་ཡོད་པ་རེད།
དེ་ཡང་བོད་ལྗོངས་གསར་འགྱུར་བརྒྱུད་བསྒྲགས་བྱེད་པའི་ཉིན་རེའི་ལས་རིམ་ཐོག་ལྷ་ས་བོད་ལྗོངས་བརྙན་འཕྲིན་ཨང་དང་པོ་ཞེས་པའི་ཐོག་རྒྱ་སྐད་ནང་ཉེ་ཆར་བོད་ནང་དོན་རྐྱེན་སྐོར་གྱི་འབྲེལ་ཡོད་གནས་ཚུལ་བཏོན་པའི་སྐབས་ཟླ་བ་འདིའི་ཕྱི་ཚེས་༩ ཉིན་རྒྱལ་ས་ལྷ་སར་ཚོགས་པའི་ཆོས་ལུགས་ཀྱི་བསམ་པའི་དཔལ་ལྡན་ཡར་རྒྱས་ཚོགས་ཆུང་ཞེས་པའི་ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ཀྲུའུ་རན་དང་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་ལེགས་མཆོག་གི་གསུངས་བཤད་ནང་། ཏཱ་ལའི་རུ་ཚོགས་དང་ཕྱི་ཟླ་གསུམ་པའི་ཚེས་༡༤ ཉིན་གཏོར་བཅོམ་དང་མེ་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་བ་ཡོད་པའི་སྐྱོན་བརྗོད་བྱས་པའི་སྐོར་བཏོན་ཡོད་ཅིང་། ཁོང་གི་གཏམ་བཤད་དེ་ནི་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པར་ཁ་གཏད་གདོང་ལེན་བྱེད་དགོས་ཞེས་པའི་ནང་དོན་དང་ཆོས་ལུགས་ཀྱི་སེམས་པའི་དཔལ་ཡོན་ཡར་རྒྱས་ཀྱི་ཚོགས་ཆུང་གི་དགོས་མཁོ་དང་དམིགས་ཡུལ་ཁག་ཐོག་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་བ་ཞིག་ཡིན་པ་རེད༎
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
བོད་རྒྱ་འབྲེལ་མོལ་རྗེས་ཀྱི་གསར་འགོད་གསལ་བསྒྲགས།
ཉི་ཧོང་དུ་བོད་དོན་རྒྱབ་སྐྱོར་བའི་ཚོགས་འདུ།
བོད་ཆབ་མདོ་སྨར་ཁམས་འོད་ཟེར་དགོན་པར་དམ་བསྒྲགས་བྱེད་པ།
བལ་ཡུལ་དུ་འཛིན་བཟུང་བྱས་པའི་བོད་མི་གསུམ་གློད་འགྲོལ་ཐོབ་པ།
ཨ་རིའི་སྲིད་འཛིན་འོས་མི་ཨོ་སྦ་མ་ཨོ་ལིམ་པིག་ཏུ་ཕེབས་རྒྱུ་མིན་པ།
བོད་ཀྱི་འགྲུལ་བཞུད་ཅེས་པའི་དཔེ་དེབ་སྐོར།
ནང་སོག་གི་དཀའ་ངལ་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ནས་བརྗེད་སྐོར།
བོད་རྒྱའི་འབྲེལ་མོལ་ཐངས་བདུན་པའི་སྐོར།