ཁེ་ན་ཌའི་ཨལ་སྦ་ཌའི་ཁུལ་ལྷ་དཀར་ཉིན་ཟས་བཅད་ངོ་རྒོལ་དང་བོད་ནང་འདས་པོ་ཚོའི་ཆེད་དུ་མར་མེའི་སྨོན་ལམ་ཞལ་འདོན་གནང་རྒྱུ།
༄༅༎ཁེ་ན་ཌའི་ཨལ་སྦ་ཌའི་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་མི་ཚོིས་སྤྱི་ཟླ་༢ པའི་ཚེས་༨ གཟའ་ལྷག་པའི་ལྷ་དཀར་ཉིན་མོ་དང་སྟབས་བསྟུན་གྱིས་འཛམ་གླིང་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་དུས་གཅིག་ལ་བོད་ནང་ད་ཡོད་བོད་མིའི་རང་དབང་ཐོབ་ཐང་གི་ཆེད་དུ་ད་ཕན་སྤྱི་ལོ་༢༠༡༡་ལོ་ནས་བཟུང་བོད་མི་༡༦་ང་སྲོག་མེ་བསྲེགས་བཏང་བ་དང་བོད་མི་མང་པོ་ཞིག་རྒྱ་ནག་གཞུང་གི་བཙོན་བཅུག་འོིག་གནས་བཞིན་པ་དེ་བཞིན་བོད་མི་མང་པོ་ཞིག་ལ་རྒྱ་ནག་གཞུང་གི་ཉེན་རྟོག་དྲག་པོའི་དམག་མིས་ཞི་བའི་བོད་མིར་ཉེས་བརྡུང་ཚད་ལས་འགལ་བ་བཏང་ནས་རྨས་སྐྱོན་ཕོག་པ་སོགས་བོད་མི་རྒྱ་མིའི་དམ་བསྒྲགས་སྲིད་བྱུས་འོག་འཇིགས་དངངས་ཀྱི་དཀའ་གདུབ་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་ཉམས་བསྐྱེད་ཀྱི་ལས་འགུལ་སྤེལ་རྒྱུའི་ཆེད་དུ་དེ་ཉིན་དེ་ཉིན་སྔ་དྲོའི་ཚོུད་༦་པ་ནས་ཕྱི་དྲོའི་ཚོུད་༨་བར་ དེ་ཉིན་ཟས་བཅད་ངོ་རྒོལ་དང་ཕྱི་དྲོ་ཕྱག་ཚོད་༦་པ་ནས་༨་བར་འདས་པོའི་ཚོའི་ཆེད་དུ་མར་མེའི་སྨོན་ལམ་ཞལ་འདོན་གནང་རྒྱུ་སོགས་གནང་རྒྱུ་ཡིན་པ་རེད།
ལས་འགུལ་དེ་ཚོི་སྤེལ་དགོས་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་ནང་བཙན་བཟུང་བྱས་ནས་བོད་མིའི་གཞི་རྩའི་འཐོབ་ཐང་རྩ་མེད་བཟོ་བའི་གནས་སྟངས་དེ་བཞིན་ད་ཡོད་བོད་ཐོིག་འཛིན་གདུག་རྩུབ་དམ་བསྒྲགས་ཀྱི་སྲིད་བྱུས་འཛིན་ནས་བོད་མི་མང་པོ་ཚེ་སྲོག་འདོིར་བ་དང་བོད་མི་རྣམས་དཀའ་ངལ་འོག་གནས་ཤིན་པའི་གནས་སྟངས་འདིར་ངོ་རྒོལ་དང་རྒྱལ་སྤྱིའི་ཐོག་ནས་བོད་ཀྱི་གནས་སྟངས་ཐད་རོགས་རམ་ཡོང་བའི་འབོད་སྐུལ་ཞུས་གནང་གྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་བཞག
|
|
གཞན་ལ་ཐོངས། |
|
|
གནས་ཚུལ་ཕབ་ལེན་བྱེད་པ། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
ལོ་རྒྱུས་ཐོག་བོད་རང་བཙན་གྱི་ཁུངས་སྐྱེལ་ཡིག་ཆ་དྲིལ་བསྒྲགས།
བོད་ནང་དཔལ་འབྱོར་འཛུགས་བསྐྲུན་ཡར་རྒྱས་སྐོར་གཏམ་བཤད།
མུན་ནག་གི་ཉིན་མོ་ཞེས་པར་དྲན་གསོ།
བོད་རང་བཙན་བསྐྱར་གསོའི་གསལ་བསྒྲགས།
བོད་པའི་སྐད་ཡིག་ལ་དོ་སྣང་དགོས་པའི་བཀའ་སློབ།
བཀའ་ཁྲི་མཆོག་ཀུ་ལུ་མ་ན་ལི་ཁུལ་དུ་འཚམས་གཟིགས།
བོད་དོན་དྲིལ་བསྒྲགས་ཆེད་བསྐོར་བསྐྱོད་ལས་འགུལ།
རྒྱ་ནག་ནང་མི་མང་གང་བྱུང་འཛིན་བཟུང་བྱེད་པར་སྐྱོན་བརྗོད།
མཆན།
Click here to add your own comment