རྒྱ་གར་ཁོངས་གཏོགས་ཀཤི་མཱིར་ནང་གཞུང་གི་ཉེན་རྟོག་མི་སྣ་དང་ཁ་ཆེའི་དྲག་སྤྱོད་པའི་དབར་འཐབ་རྩོད་ཁག་གཉིས་ནང་ཁྱོན་སྡོམ་མི་བདུན་རྐྱེན་ལམ་དུ་ཕྱིན་ཡོད་འདུག
༄༅༎རྒྱ་གར་ཁོངས་གཏོགས་ཀཤི་མཱིར་ནང་གཞུང་གི་ཉེན་རྟོག་མི་སྣ་དང་ཁ་ཆེའི་དྲག་སྤྱོད་པའི་དབར་འཐབ་རྩོད་ཁག་གཉིས་ནང་ཉེན་རྟོག་དམག་མི་གཅིག་དང་དྲག་རྒོལ་བ་གཉིས། ཡུལ་མི་གསུམ། གསར་འགོད་པའི་དཔར་པ་གཅིག་བཅས་ཁྱོན་སྡོམ་མི་བདུན་རྐྱེན་ལམ་དུ་ཕྱིན་ཡོད་འདུག
འཐབ་རྩོད་དེ་བཞིན་ཤིརི་ན་གཱར་ནས་ལྷོ་ཕྱོགས་སུ་ཀི་ལོ་མི་ཊར་༣༥༠ཡི་སར་ཀེཧལི་མནཌི་ཞེས་པའི་གྲོང་གསེབ་དུ་བྱུང་ཡོད་པ་དང་ གནས་ཚུལ་དེ་གོ་མ་ཐག ཌེ་ལི་ཨེཀ་སེལ་སིའོར་ ཞེས་པའི་ཉིན་རེའི་གསར་ཤོག་གི་དཔར་པ་སོནརྡི་ཞུ་བ་ས་གནས་སུ་གནས་ཚུལ་མཁོ་གྲུབ་དང་དཔལ་རྒྱབ་པར་སླེབས་འདུག་ཀྱང་ མེ་མདའ་ཕོག་ནས་རྨས་སྐྱོན་གྱིས་སྨན་ཁང་དུ་གྲོངས་ཡོད་འདུག རང་ལོ་༤༥ཡིན་པའི་དཔར་པ་དེ་གསར་ཤོག་ཁང་དེར་ལོ་ཉི་ཤུ་རྩ་ལྔའི་རིང་ཕྱག་ལས་གནང་ཡོད་འདུག ཕྱི་ལོ་༡༩༨༩ལོར་ཀཤི་མཱིར་ནང་དྲག་ལས་འགོ་བཙུགས་ནས་བཟུང་ད་བར་ཡུལ་མི་༦༨༠༠༠རྐྱེན་ལམ་དུ་ཕྱིན་ཡོད་པ་མ་ཟད་ གསར་འགོད་པ་དྲུག་གི་ཚེ་སྲོག་ཡང་ཤོར་ཡོད་འདུག།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་ཡོད་པ།
རྒྱ་དཀར་ནག་གཉིས་ལ་བསྡུར་བ་བྱས་པ་༢།
ལྡེ་ལིར༸གོང་ས་མཆོག་གི་འཁྲུངས་སྐར།
སིམ་ལའི་ཆིངས་ཡིག་ལོ་དགུ་གོ་བཞི་འཁོར་བ།
༡༩༡༤ལོའི་སིམ་ལའི་ཆིངས་ཡིག་གི་ཤུགས་རྐྱེན་ཐོག་ལྷན་ཚོགས།
རྒྱ་གར་དང་ཨ་རིའི་རྡུལ་ཕྲན་ལས་འཆར་གྱི་ཆིངས་དོན་དེར་རྒྱབ་སྐྱོར།