ཨ་རིས་ཨེ་ཤེ་ཡའི་ཕྱོགས་སུ་དམག་གྲུ་ཇེ་མང་དུ་གཏང་འཆར།

ཨ་མེ་རི་ཀས་ཨི་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་དམག་གྲུ་ཇེ་མང་གཏོང་རྒྱུ་ཡིན་ལུགས་ཨ་རིའི་སྲུང་སྐྱོབ་དྲུང་ཆེས་གསུངས་འདུག
2012-06-02
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།

༄༅༎ཨ་མེ་རི་ཀས་ཨི་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་དམག་གྲུ་ཇེ་མང་གཏོང་རྒྱུ་ཡིན་ལུགས། དེ་རིང་ཕྱི་ཟླ་དྲུག་པའི་ཚེས་༢ཉིན་སིང་ག་ཕོར་ནང་འཚོགས་བཞིན་པའི་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་ལྷན་ཚོགས་ཐོག་ཨ་རིའི་སྲུང་སྐྱོབ་དྲུང་ཆེ་ལི་ཡོན་པཱ་ནེ་ཊ་མཆོག་གིས་གསུངས་འདུག

ཨི་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་གསུམ་ཅུ་ལྷག་ཙམ་གྱི་བདེ་སྲུང་དཔོན་རིགས་མཉམ་བཞུགས་གནང་བའི་སིང་ག་ཕོའི་ལྷན་ཚོགས་དེའི་ཐོག ཨ་རིའི་སྲུང་སྐྱོབ་དྲུང་ཆེ་མཆོག་ནས། ཨ་རིའི་ད་ཡོད་དམག་གྲུ་མང་པོ་ཞིག །ཞི་བདེ་རྒྱ་མཚོ་དང་ནུབ་རྒྱ་མཚོ་སོ་སོར་ཁག་བགོས་ནས་བཞག་ཡོད་པ་དང༌། ཕྱི་ལོ་ཉིས་སྟོང་ཉི་ཤུ་ལོར་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་དམག་གྲུ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་ལུགས་གསུངས་འདུག སྲུང་སྐྱོབ་དྲུང་ཆེ་མཆོག་ནས་དེ་ནི་རྒྱ་ནག་འགོག་ཐབས་མིན་ཀྱང་། རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་ཁྲིམས་ལུགས་དང་སྒྲིག་སྲོལ་ཁག་ལ་བརྩི་སྲུང་ཞུ་དགོས་ལུགས་གསུངས་འདུག ད་དུང་ཁོང་ནས་དམིགས་བསལ་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ལྦིཏ་ནམ། ཕེ་ལེ་ཕིང་དབར་འབྲེལ་ལམ་བཟང་དུ་གཏང་ནས། ཡུལ་གྲུ་དེ་དག་གི་སྲུང་སྐྱོབ་ནུས་པ་ཆེ་རུ་གཏང་རྒྱུར་ཞོགས་འདེགས་བྱེད་རྒྱུ་ཡིན་ཞེས་གསུངས་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།