པེ་ཅིང་གི་བཟོ་གྲ་ཞིག་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ལ་གནོད་འཚེ་ཆེ་བའི་དུ་རླངས་གཏོང་གི་ཡོད་སྐོར་མི་མང་ཚོས་ངོ་རྒོལ་རྔམ་སྟོན་བྱས་འདུག
༄༅༎རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གད་སྙིག་མེར་སྲེག་གཏོང་མཁན་བཟོ་གྲ་ཞིག་ནས་མང་ཚོགས་ཀྱི་འཕྲོད་བསྟེན་ལ་གནོད་འཚེ་ཆེ་བའི་དུ་རླངས་གཏོང་གི་ཡོད་སྐོར་མི་མང་ཚོས་ངོ་རྒོལ་རྔམ་སྟོན་བྱས་སྐབས་ ཉེན་རྟོག་པ་དང་མི་མང་དབར་གདོང་ཐུག་བྱུང་སྟེ་ངོ་རྒོལ་བྱེད་མི་གཉིས་ལ་རྨས་སྐྱོན་བཏང་འདུག ཧོང་ཀོང་ནང་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་གཟའ་སྤེན་པའི་ཉིན་གནས་ཚུལ་སྤེལ་དོན་ལྟར་ན་ པེ་ཅིང་གི་གད་སྙིག་མེར་སྲེག་གཏོང་མཁན་གྱི་བཟོ་གྲ་ ཀོན་ཏུན་ཡོད་ས་ ཁྲའོ་དབྱང་རྫོང་གི་འཁོར་ཡུག་དཔོན་པོ་དེ་ལས་གནས་ནས་ཕྱིར་འབུད་གཏོང་དགོས་སྐོར་ས་གནས་མི་མང་ ༥༠༠ ལྷག་གིས་ངོ་རྒོལ་རྔམ་སྟོན་བྱས་ཡོད་འདུག འོན་ཀྱང་ཁ་ས་གོང་ཞུས་གནས་ཚུལ་སྐོར་ཨེ་པི་གསར་ལས་ཁང་གིས་པེ་ཅིང་གི་བདེ་འཇགས་ལས་ཁུངས་ལ་འདྲི་རྩད་བྱེད་སྐབས་ ལས་ཁུངས་དེས་གོང་ཞུས་དོན་རྐྱེན་སྐོར་གང་ཡང་ཤེས་རྟོགས་མེད་པའི་ལན་འདེབས་བྱས་ཡོད་འདུག པེ་ཅིང་མང་ཚོགས་ནས་ངོ་རྒོལ་རྔམ་སྟོན་བྱེད་སའི་ཉེ་འཁྲིས་ཀྱི་ཟ་ཁང་ཞིག་ནང་ལས་ཀ་བྱེད་མཁན་ཞིག་རུས་མིང་ལ་ཀྲང་ལྟར་ན་ གོང་ཞུས་ངོ་རྒོལ་ནང་མི་མང་མང་པོ་མཉམ་བཞུགས་བྱས་པ་མ་ཟད་ མི་འགའ་ཤས་ཀྱིས་གདོང་བག་གྱོན་ཡོད་པ་བརྗོད་ཡོད་པའི་གནས་ཚུལ་འདུག།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཕྱི་རྒྱལ་བས་བོད་དོན་རྒྱབ་སྐྱོར་གནང་བཞིན་པ།
༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།
ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།
རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།
རྒྱ་གཞུང་གིས་ཉེ་ཆར་ཡང་ཇ་ཞེས་པར་སྲོག་ཁྲིམས་བཅད་པ།
རྒྱ་གཞུང་གིས་བོད་ནང་སྔ་ལས་ལྷག་པའི་དམ་བསྒྲགས་བྱེད་བཞིན།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས།