པ་ཀི་སི་ཐན་ནང་དྲག་སྤྱོད་པས་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་ནང་ད་བར་ཉུང་མཐར་མི་གྲངས་ཉི་ཤུ་རྩ་བཞི་ཙམ་གྱི་ཚེ་སྲོག་ཤོར་འདུག
༄༅༎པ་ཀི་སི་ཐན་གྱི་གྲོང་ཁྱེར་རཱ་ལྦལ་པིན་ཌིའི་ནང་དྲག་སྤྱོད་པས་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་ནང་ད་བར་ཉུང་མཐར་མི་གྲངས་ཉི་ཤུ་རྩ་བཞི་ཙམ་གྱི་ཚེ་སྲོག་ཤོར་ཡོད་འདུག
དེ་ཡང་དེང་སྐབས་པ་ཀི་སི་ཐན་གཞུང་གིས་ཡུལ་དེའི་ནུབ་ཕྱོགས་ལྦ་ཛི་རི་སི་ཐན་ནང་དམག་དཔུང་མི་ཕོན་ཆེ་འགྲེམས་གཏོང་གིས་ས་ཁུལ་དེར་ཡོད་པའི་ཊ་ལི་སྦན་དྲག་སྤྱོད་པ་མེད་པ་བཟོ་ཐབས་ཀྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བཞིན་ཡོད་པ་མ་ཟད་དྲག་སྤྱོད་སྒྲིག་འཛུགས་དེའི་འགོ་འཁྲིད་ཧ་ཀི་མུ་ལ་མེ་སུརྡ་ཟེར་བའི་མི་དེ་བསད་པའམ་ཡང་ན་གསོན་པོར་འཛིན་བཟུང་ཐུབ་མཁན་སུ་འདྲ་ཞིག་བྱུང་རུང་དེ་ལ་གཞུང་ནས་ཨ་རིའི་ཌོ་ལར་ས་ཡ་ལྔ་གསོལ་རས་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་པ་ནས་བཟུང་པ་ཀི་སི་ཐན་གྱི་ནང་འབར་རྫས་ཀྱི་གཏོར་རྒོལ་གྱི་གནས་ཚུལ་གཅིག་མཇུག་གཉིས་མཐུད་ཡོང་བཞིན་པ་ལྟར་འདི་ཚེས་གཉིས་ཉིན་གྲོང་ཁྱེར་ར་ལྦལ་པིན་ཌིའི་ནང་བྱུང་བའི་གཏོར་རྒོལ་དེའི་ནང་ད་བར་མི་གྲངས་ཉི་ཤུ་རྩ་བཞི་རྐྱེན་འདས་སུ་གྱུར་ཡོད་པ་མ་ཟད་མི་གྲངས་ཆེས་མང་པོར་རྨས་སྐྱོན་ཕོག་ཡོད་སྟབས་ཚེ་སྲོག་ཤོར་མཁན་གྱི་གྲངས་འབོར་དེ་རིམ་པས་མང་དུ་འགྲོ་རྒྱུ་ཡིན་སྐོར་གྲོང་ཁྱེར་སྤྱི་ཁྱབ་པ་ཨིམ་རྡ་རྡུ་ལ་སྦོ་སལ་གྱིས་གནས་ཚུལ་ཕྱི་བསྒྲགས་བྱས་པ་དང་སྦྲགས་ད་ལམ་གྱི་གཏོར་རྒོལ་དེ་དངུལ་ཁང་ཞིག་གི་མདུན་དུ་བྱུང་བའི་རྐྱེན་གྱིས་རྐྱེན་འདས་སུ་གྱུར་མཁན་རྣམས་ཞི་བའི་མི་སེར་ཤ་ཏག་ཡིན་པ་མ་ཟད་དེའི་ནང་དངུལ་ཁང་ནས་རྒས་ཕོགས་ཞུ་བར་ཡོང་མཁན་གྱི་ལོ་ན་མཐོ་པོར་སླེབས་པའི་མི་སྣའི་གྲས་ཀྱང་གང་ཙམ་ཡོད་པའི་འགྲེལ་བརྗོད་བྱས་འདུག
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
ཀ་ཤི་མིར་ཁུལ་ནང་ཞི་འགྲིགས་ཀྱི་སྒོ་མོ་གསར་པ་འབྱེད་རྒྱུའི་སྐོར།
ཨབ་ག་ནི་སི་ཐན་ནང་གི་དྲག་སྤྱོད་ལས་འགུལ་ཐད་གྲོས་མོལ།
ཡུ་གུར་ཚོགས་པའི་འགོ་ཁྲིད་ནི་འཇིགས་སྐུལ་དྲག་སྤྱོད་པ་མ་ཡིན།
ཀཤི་མིར་མངའ་ཁུལ་དུ་ཆུ་མཛོད་གསར་རྒྱག་ལས་གཞིའི་སྐོར།
ཨ་མི་རི་ཀས་པ་ཀི་སི་ཐན་ལ་མ་དངུལ་རོགས་རམ།
རྒྱ་གར་དང་པ་ཀི་སི་ཐན་ནང་འཐུང་ཆུའི་དཀའ་ངལ་གྱི་རྒྱུ་རྐྱེན།
རྒྱ་གར་གཞུང་ཚབ་ལ་དམིགས་པའི་འབོམ་རྫས་ཀྱི་གཏོར་རྒོལ།
ཁ་ཆེ་བ་ཚོས་ཡུ་གུར་མི་རིགས་ལ་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ།