འབར་མའི་ནང་འབྱུང་བའི་གོད་ཆགས་ངལ་སེལ་ལ་དཀའ་ངལ་འཕྲད་སྐོར།

2008-06-11

འབར་མའི་ནང་གོད་ཆགས་ཕོག་པའི་མི་དམངས་ཚོར་ཟ་བཅའ་དང་འཕྲལ་སེལ་སྡོད་གནས་ཀྱི་མཐུན་རྐྱེན་མཁོ་སྤྲོད་འདེངས་ངེས་བྱེད་མི་ཐུབ་པའི་དཀའ་ངལ་ཡོད་འདུག

༄༅༎ཁ་སྔོན་ཕྱི་ཟླ་ལྔ་པའི་ནང་འབར་མའི་ནང་ཆར་རླུང་དྲག་པོ་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེ་བྱུང་བའི་རྗེས་ད་ཆ་འབར་མའི་རོགས་རམ་ལས་ཁུངས་ཁག་ལ་གོད་ཆགས་ཕོག་པའི་མི་དམངས་ཚོར་ཟ་བཅའ་དང་འཕྲལ་སེལ་སྡོད་གནས་ཀྱི་མཐུན་རྐྱེན་མཁོ་སྤྲོད་འདེངས་ངེས་བྱེད་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

དེ་རིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རོགས་རམ་ལྷན་ཁང་གི་འབྲེལ་མཐུད་གནང་མཁན་ ཨེ་མེན་ཌ་ ཡིས་ ཐའེ་ལཱེན་གྱི་རྒྱལ་ས་སྦེང་ཀོག་ཏུ་གསར་འགོད་པར། འབར་མའི་ནང་དྲག་ཆར་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པར་ཚོར་ཆར་ཆུ་བཀག་ཐུབ་པའི་ཏིར་པར་ས་ཡ་ཕྱེད་ཀ་དང་ཟ་བཅའི་རོགས་རམ་ཛ་དྲག་གི་དགོས་གལ་ཡིན་ཞིང། དེའི་ནང་ནས་ཟ་བཅའ་རོགས་རམ་ཐད་ཧ་ཅང་གི་འདེངས་ངེས་མེད་པའི་དཀའ་ངལ་ཆེན་པོར་ལྷུང་བཞིན་ཡོད་པའི་ཐོག་ཁ་སྔོན་ཕྱི་ཟླ་ལྔ་པའི་ཚེས་༡༢ ཉིན་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནས་ས་ཡོམ་གོད་ཆགས་ཚབས་ཆེ་བྱུང་བ་དེས་འབར་མའི་ནང་སྡོད་གུར་དང་ཆར་ཆུ་བཀག་ཐུབ་པའི་ཏིར་པར་སོགས་རོགས་རམ་མཁོ་སྤྲོད་བྱ་རྒྱུར་འགོག་རྐྱེན་དུ་གྱུར་ཡོད་པའི་སྐོར་གསུང་ཡོད་པ་རེད། དེ་བཞིན་རྒྱལ་སྤྱིའི་རྒྱ་འགྲམ་དམར་པོའི་རོགས་རམ་ཚོགས་པའི་མགྲིན་ཚབ་པ་ཞིག་གིས་གསུང་ན། འབར་མའི་ནང་གནོད་འཚེ་ཕོག་པའི་མི་དམངས་ས་ཡ་གཉིས་ལྷག་ནང་ནས་བརྒྱ་ཆ་༢༢ མ་གཏོགས་ཕྱི་རྒྱལ་གྱི་རོགས་རམ་ཚོགས་པའི་འཕྲལ་སེལ་སྡོད་གནས་ཀྱི་རོགས་རམ་ཐོབ་ཀྱི་མེད་པ་དང་ད་ལྟ་བར་རྒྱལ་སྤྱིའི་རྒྱ་འགྲམ་དམར་པོའི་ངོས་ནས་མི་དམངས་ཆིག་འབུམ་ཆིག་ཁྲི་ཙམ་ལ་འཕྲལ་སེལ་སྡོད་གནས་གོ་སྒྲིག་བྱས་ཡོད་ཀྱང་ད་དུང་མི་དམངས་གསུམ་འབུམ་བཞི་ཁྲི་ཙམ་ལ་འཕྲལ་སེལ་སྡོད་གནས་གོ་སྒྲིག་གི་རོགས་རམ་དགོས་གལ་ཆེ་བའི་སྐོར་གསུང་ཡོད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

འབྲེལ་ཡོད་གནས་ཚུལ།

རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་ལྕམ་སུའུ་ཆི་མཇལ་འཕྲད་ཐུགས་རེ།

མཉམ་འབྲེལ་རྒྱལ་ཚོགས་ནས་འབར་མའི་སྐུ་ཚབ་བསྐོ་བཞག

རྒྱ་ནག་གིས་འབར་མར་རྒྱབ་བསྐྱོར་མཚམས་འཇོག་བྱེད་དགོས།

ལྷོ་ཤར་ཨེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་འཛུགས་ཕྱོགས།

འབར་མའི་གཞུང་ནས་སྒྲིག་གཞི་ལག་ལེན་འཁེལ་རྒྱུ་ཐེ་ཚོམ།

རྒྱ་མི་ཞིག་གིས་རྒྱ་གྲམ་དམར་པོའི་དྲ་རྒྱའི་ཐོག་རྐུ་འཁྱེར་བྱས་པ།

བོད་རྒྱའི་ས་མཚམས་སུ་ཉི་ཧོང་གི་རོགས་རམ་ཚོགས་པ་ཕེབས་ཡོད་པ།

ཨོསོ་ཀྲོ་ལི་ཡ་བོད་མི་ཚོས་རྒྱ་ནག་དང་འབར་མའི་ཆེད་མཆོད་འབུལ།

རྒྱ་ནག་གི་རོགས་སྐྱོར་དམག་མིའི་གནམ་གྲུ་ཞིག་ལ་བརྡབ་སྐྱོན།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org