ཨ་རིའི་སྲིད་འཛིན་ནས་རྒྱ་ནག་ལྷན་བོད་སྐོར་བཀའ་མོལ་གནང་རྒྱུ།

ཨ་མི་རི་ཀའི་སྲིད་འཛིན་ནས་རྒྱ་ནག་གི་སྲིད་འཛིན་ལྷན་བོད་ཀྱི་གནད་དོན་སྐོར་བཀའ་མོལ་གནང་རྒྱུ་ཡིན་སྐོར་གསལ་བསྒྲགས་གནང་ཡོད་པ་རེད།

༄༅༎ཨ་མི་རི་ཀའི་སྲིད་འཛིན་ཇོཇེ་ཌབ་ལུ་སྦུཤེ་མཆོག་གིས་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་མཇལ་འཕྲད་གནང་སྐབས་བོད་ཀྱི་གནད་དོན་སྐོར་བཀའ་མོལ་གནང་རྒྱུ་ཡིན་སྐོར་སྲིད་འཛིན་གྱི་གསར་འགོད་དྲུང་ཆེ་སྐུ་གཞོན་གོར་ཌེན་ཇོན་ཌོརོ་ཡིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་གསལ་བསྒྲགས་གནང་ཡོད་པ་རེད།

ཨ་མི་རི་ཀ་འི་སྲིད་འཛིན་སྦུཤེ་མཆོག་དེ་རིང་རེས་གཟའ་པ་སངས་ཉིན་ལྷོ་ཨ་མི་རི་ཀའི་ཡུལ་གྲུ་པེ་རུའི་ནང་བསྐོང་ཚོགས་གནང་བཞིན་པའི་ཨེ་པེཀ་ཞེས་པའི་རྒྱལ་སྤྱིའི་དཔལ་འབྱོར་གྱི་ལྷན་ཚོགས་ལ་ཆེད་ཕེབས་གནང་གི་ཡོད་པ་དང་ལྷན་ཚོགས་ཀྱི་ཞོར་ཨ་རིའི་སྲིད་འཛིན་མཆོག་དང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་གཉིས་དབར་མཇལ་འཕྲད་གྲོས་མོལ་གནང་འཆར་ཡོད་པ་དང་སྲིད་འཛིན་སྦུཤེ་གི་གསར་འགོད་དྲུང་ཆེ་སྐུ་གཞོན་གོར་ཌེན་ཇོན་ཌོ་རོ་ཡིས་རྒྱ་ནག་དང་ཨ་རིའི་དབར་གཞུང་འབྲེལ་འབྲེལ་བ་བཙུགས་ཏེ་ལོ་ངོ་གསུམ་བཅུ་འཁོར་བའི་དུས་སྐབས་དེ་ཡང་རན་གྱི་ཡོད་པའི་སྲིད་འཛིན་མཆོག་གིས་དེའི་སྔ་རོལ་ཡུལ་གཉིས་ཀྱི་འབྲེལ་ལམ་སྤྱི་དང་རྒྱལ་སྤྱིའི་དཔལ་འབྱོར་གྱི་གནས་བབ་གཞན་ཡང་རྒྱ་ནག་གཞུང་དང་བོད་མིའི་དབུ་ཁྲིད་༸གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་དབར་གྱི་གྲོས་མོལ་གྱི་གནད་དོན་གྱི་གཙོས་འགྲོ་བ་མིའི་ཐོབཐང་དང་ཆོས་ལུགས་རང་དབང་གི་ཐོབ་ཐང་བཅས་ཀྱི་སྐོར་བཀའ་མོལ་གནང་གི་རེད་ཅེས་གསུངས་ཡོད་པ་རེད༎