༸གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ།


2016.02.07
༸གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ། ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མི་རྣམས་ནས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་སོང་།
ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོ་དེབ།

༄༅།།ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་ས་གནས་བོད་མིའི་སྤྱི་མཐུན་ཚོགས་པ་དང་།ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་དང་། འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་ཀྱི་མཐུན་འགྱུར་འོག ཁ་ས་ཕྱི་ཟླ་༢ཚེས་༦རེས་གཟའ་སྤེན་པའི་ཉིན་ས་གནས་བོད་མི་རྣམས་ནས་༸གོང་ས་མཆོག་གི་སྐུ་ཕྱྭའི་ཞབས་རིམ་གསོག་སྒྲུབ་གནང་སོང་། རེས་གཟའ་སྤེན་པའི་ཉིན་ཨ་རིའི་ཝར་ཇི་ནི་ཡ་ཁུལ་དུ་རྟེན་གཞི་བྱེད་པའི་འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་སུ་བསྐོང་ཚོགས་གནང་བའི་སྐུ་ཕྱྭའི་ཞབས་རིམ་དེ་བཞིན་ཉེ་སྔོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིགས་ལས་ཁུངས་ནས་བཀའ་ཕེབས་ལྟར། ༸གོང་ས་མཆོག་སྐུའི་འཕྲོད་བཞེས་བརྟག་དཔྱད་སླད་ཨ་རིའི་མ་ཡོ་སྨན་ཁང་དུ་ཡོད་པ་དང་བསྟུན། ཞབས་རིམ་ཁག་ཅིག་གསོག་སྒྲུབ་དགོས་པའི་བཀའ་ཕེབས་དོན་ལྟར་གོ་སྒྲིག་གནང་བ་ཞིག་ཡིན་པ་རེད། འབྲི་གུང་ཆོས་ཀྱི་ཉི་མ་ཆོས་ཚོགས་ཀྱི་མཁན་པོ་བསམ་གྲུབ་ལགས་ཀྱིས་ཞབས་རིམ་གསོག་གྲུབ་སྐབས་ཀུན་སློང་འཁྱེར་སྟངས་དང་འབྲེལ་བའི་ལམ་སྟོན་གནང་སྐབས། ༸སྐུ་ཕྱྭའི་ཞབས་རིམ་གྲུབ་པའི་སྐབས་སུ་ཁ་ནས་གཟུངས་སྔགས་འདོན་པ་ཙམ་མ་ཡིན་པར། རང་གི་སེམས་བརྒྱུད་ལ་༸གོང་ས་མཆོག་གི་སྣང་བ་ཤར་བ་ཞིག་བྱེད་དགོས་པའི་ལམ་སྟོན་གནང་སོང་།
སྐབས་དེར་གོ་སྒྲིག་ཚོགས་ཆུང་ནས་ཚོགས་ཕེབས་མི་མང་ལ་གསོལ་ཇ་ཞལ་ཏོག་གྲ་སྒྲིག་གནང་ཡོད་པ་རེད།།
གསར་འགོད་པ་པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎