རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཀམ་པིའུ་ཊར་དྲ་རྒྱ་ཡོངས་ལ་བཏང་འཛིན་བྱེད་ཐབས་བྱེད་བཞིན་པར་སྐྱོན་བརྗོད་ཡོང་གི་ཡོད་པ་རེད།
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཀམ་པིའུ་ཊར་དྲ་རྒྱ་ཡོངས་ལ་བཏང་འཛིན་བྱེད་ཐབས་བྱེད་བཞིན་པར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་ཨ་རི་སྲིད་གཞུང་བཅས་ཀྱིས་སྐྱོན་བརྗོད་གནང་དང་གནང་མུས་ཡིན་པ་དེ་ལྟར་ཡང་རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་གིས་ཀམ་པིའུ་ཊར་དྲ་རྒྱ་བཀོལ་སྤྱོད་ལ་བཏང་འཛིན་བྱེད་ཐུབ་དཀའ་བའི་གནས་སྟངས་ཤིག་ཡོད་པ་རེད། རྒྱ་ནག་གཞུང་གིས་དམིགས་བསལ་བཟོ་སྐྲུན་བྱས་པའི་དྲ་རྒྱ་ཁག་ཅིག་བཀག་འགོག་གི་འཕྲུལ་ཆས་མཉམ་སྒྲིག་མེད་པར་བདུན་ཕྲག་འདིའི་རེས་གཟའ་ལྷག་པ་ནས་འགོ་བཙུགས་ཀྱིས་ཀམ་པིའུ་ཊར་ཉོ་ཚོང་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད། རྒྱ་ནག་གཞུང་གིས་བཀག་འགོག་འོག་རྒྱ་ནག་མི་མང་གིས་བལྟ་ཀློག་མི་ཆོག་པའི་གནད་དོན་ཁག་ནི་རྒྱ་ནག་གུང་གྲན་ཏང་གི་སྲིད་གཞུང་དང་ལྟ་སྤྱོད་མི་མཐུན་པའི་མི་སྣ་དང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་བོད་དོན་འཐབ་རྩོད་སོགས་ཡིན་པ་རེད། རྒྱ་ནག་གཞུང་གིས་འཆལ་སྤྱོད་ཀྱི་བརྙན་འཕྲིན་འགོག་ཐབས་ཆེད་དུ་རྒྱ་ནག་གཞུང་གིས་ཀམ་པིའུ་ཊར་དྲ་རྒྱ་ཡོངས་ལ་བཏང་འཛིན་བྱ་རྒྱུའི་དམིགས་བསལ་འཕྲུལ་ཆས་འཛུགས་ཀྱི་ཡོད་ལུགས་ཕྱི་ཕྱོགས་སུ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་རྒྱ་ནག་ནང་ཀམ་པིའུ་ཊར་བེད་སྤྱོད་བྱེད་མཁན་ས་ཡ་སུམ་བརྒྱ་སྐོར་ཡོད་ཅིང་ཁྲོམ་རའི་རང་བཞིན་གྱི་དཔལ་འབྱོར་ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་སྟབས་ཀམ་པིའུ་ཊར་འཕྲུལ་ཆས་ལ་གུང་གྲན་ཏང་གི་སྲིད་གཞུང་གིས་བཏང་འཛིན་ཐུབ་རྒྱུ་དཀའ་ཚེགས་ཅན་གྱི་རང་བཞིན་ཡིན་པར་གནས་ཚུལ་ཉམས་ཞིབ་པ་ཚོས་འགྲེལ་བརྗོད་གནང་འདུག རྒྱ་ནག་ནང་དངོས་ཟོག་རྫུན་བཟོ་དང་ཚད་ལྡན་མེད་པའི་བཟའ་བཅའ་ཉོ་ཚོང་གིས་མིའི་ཚེ་སྲོག་ལ་དཀའ་རྙོག་དུ་མ་བྱུང་བའི་གནས་ཚུལ་ཡོངས་གྲགས་ཡིན་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
རང་བཙན་རྩོད་པ་གནང་གི་མེད་པ་སླར་ཡང་ནན་བརྗོད།
རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བར་གནོད་སྐྱོན་ཕོག་ལུགས།
ཨ་རུ་ན་ཅཱལ་ཁུལ་དུ་གསར་འགྱུར་མཁོ་སྒྲུབ་ལ་བཏང་འཛིན།
རྒྱ་ནག་གི་མཁའ་དབྱིངས་དམག་དོན་ལས་གཞིའི་སྐོར།
ཡོང་གླིང་སློབ་གྲྭ་ལོ་༢༥འཁོར་བ་༢།
སྦེར་ལིན་གྱང་རྩིག་བཤིགས་ནས་ལོ་ངོ་ཉི་ཤུ་འཁོར་ལ་ཉེ་བ་༢།
གསང་བའི་ངང་སྲོག་ཐོག་བཏང་བའི་རྒྱབ་ལྗོངས།
རྒྱ་ནག་ནང་ཡོད་པའི་བོད་པ་སྒྲོལ་མ་ལགས་ཀྱི་ལྷན་གླེང་བ་༢།