རྒྱ་ནག་གི་མཁའ་དམག་ལས་གཞིའི་དམིགས་ཡུལ་ཁ་གསལ་མེད།

2009-11-04

རྒྱ་ནག་གི་མཁའ་དབྱིངས་དམག་དོན་ལས་གཞིའི་དམིགས་ཡུལ་ཁ་གསལ་མེད་སྐོར་ཨ་མི་རི་ཀའི་མཐོ་རིམ་དཔོན་རིགས་ཞིག་གིས་གསུངས་བཞག

༄༅༎འདས་པའི་ལོ་ངོ་བཅུའི་ནང་རྒྱ་ནག་གི་མཁའ་དབྱིངས་དམག་དོན་ལས་གཞི་ཁག་ལ་མངོན་གསལ་དོད་པོའི་ཡར་རྒྱས་ཕྱིན་ཡོད་པ་དང་ལས་གཞི་དེའི་དམིགས་ཡུལ་ཁ་གསལ་མེད་སྐོར་ཨ་མི་རི་ཀའི་མཐོ་རིམ་དཔོན་རིགས་ཞིག་གིས་གསུངས་བཞག

ཨ་རིའི་འཐབ་ཇུས་བཀོད་སྡོམ་ཁང་གི་སྤྱི་ཁྱབ་དམག་དཔོན་ཀེ་ལྦིན་ཆིལ་ཊེན་ནས་རྒྱ་ནག་གཞུང་གིས་མཁའ་དབྱིངས་དམག་དོན་གྱི་ལས་གཞི་གོང་སྤེལ་གཏོང་བཞིན་ཡོད་སྐོར་གསུངས་ཏེ་རྒྱ་ནག་གི་རེ་འདུན་ཇི་ཡིན་གསལ་པོ་ཤེས་རྟོགས་ཐུབ་རྒྱུར་ཨ་མི་རི་ཀ་དང་རྒྱ་ནག་གི་དམག་དོན་དབར་འབྲེལ་བ་བཙུགས་ཡག་དེ་ཤིན་ཏུ་ནས་དགོས་གལ་ཆེན་པོ་ཆགས་ཡོད་སྐོར་གསུངས་བཞག

ཁ་ས་ཨ་རིའི་ནེ་སྦ་ར་སི་ཀ་མངའ་སྡེའི་གྲོང་ཁྱེར་ཨོ་མ་ཧ་ནས་ཨ་རིའི་དམག་དཔོན་ཆིལ་ཊེན་ཡིས་རྒྱ་ནག་གི་མཁའ་དབྱིངས་ལས་འཆར་སྐོར་ཁ་པར་ཐོག་གི་ཚོགས་འདུའི་སར་གསར་འགོད་པར་རྒྱ་ནག་གིས་ཁ་ལོ་བསྒྱུར་མཁན་ཡོད་པ་དང་མེད་པ་གཉིས་ཀའི་བཅོས་མའི་སྒྱུ་སྐར་མཁའ་དབྱིངས་སུ་བཏང་ནས་འདས་པའི་ལོ་བཅུའི་དུས་ཚོད་ཐུང་ཐུང་ཞིག་ནང་རྒྱ་ནག་གི་མཁའ་དབྱིངས་ལས་གཞིའི་ཐོག་ཧ་ལས་དགོས་པའི་ཡར་རྒྱས་གོང་འཕེལ་ཆེན་པོ་ཕྱིན་ཡོད་པར་བརྟེན་རྒྱ་ནག་དེ་བཞིན་ཁ་ཕྱོགས་ག་བར་བསྐྱོད་ཀྱི་ཡོད་མེད་དང་ཕུགས་ལ་དམིགས་ཡུལ་ག་རེ་ཡོད་མེད་མང་པོ་ཞིག་ལ་ཤེས་རྟོགས་བྱ་རྒྱུའི་འདོད་པ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་བཞག

རེས་གཟའ་ཟླ་བའི་ཉིན་རྒྱ་ནག་གི་མཁའ་དམག་དཔུང་སྡེའི་མཐོ་རིམ་དམག་དཔོན་ཤུ་ཆི་ལིང་ཡིས་མཁའ་དབྱིངས་དམག་དོན་གོང་འཕེལ་བཏང་ཡག་དེ་ནི་ལོ་རྒྱུས་ཐོག་ཟློག་ཏུ་མེད་པ་ཞིག་ཡིན་པ་དང་རྒྱ་ནག་གིས་མཁའ་དབྱིངས་སུ་ཕར་རྒོལ་དང་འགོག་སྲུང་གཉིས་ཀ་ཐུབ་པའི་དམག་འཐབ་ལས་གཞི་གོང་སྤེལ་གཏོང་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་པ་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་གནས་ཚུལ་བཀོད་ཡོད་པ་དང་དེ་ནི་རྒྱ་ནག་གིས་མཁའ་དབྱིངས་ནང་དམག་འཐབ་ཀྱི་ལས་གཞི་གོང་སྤེལ་གཏོང་རྒྱུར་དེ་སྔོན་དགག་བྱ་བྱེད་ཀྱི་ཡོད་པའི་ལངས་ཕྱོགས་ལ་འགྱུར་བ་འགྲོ་གི་ཡོད་པའི་མཚོན་རྟགས་ཤིག་ཡིན་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

འབྲེལ་ཡོད་གནས་ཚུལ།

མདོ་སྨད་ཕྱོཊ་སུ་རྒྱ་ནག་གཞུང་གི་ལས་བྱང་བཅག་ཡོད་པ།

རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།

བོད་ཀྱི་གནད་དོན་ཐད་བཀའ་མོལ།

བོད་ཀྱི་གནད་དོན་སེལ་ཐབས་མུ་མཐུད་མཐུན་འགྱུར་གནང་འཆར།

ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།

ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།

རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།

ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།

རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།

ཨི་ཊ་ལི་རུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐོར།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org