རྒྱ་གཞུང་གིས་དྲིལ་བསྒྲཌ་ཆེད་བརྒྱུད་ལམ་རྒྱ་བསྐྱེད་གཏོང་འཆར།

2009-06-29

རྒྱ་ནག་གཞུང་གིས་བདུན་ཕྲག་འདིའི་རེས་གཟའ་ལྷག་པ་ནས་ཡོ་རོབ་ཀྱི་སྣ་ཚོགས་ཁྲོམ་རའི་ནང་བརྙན་འཕྲིན་རྒྱང་སྲིང་བྱེད་འགོ་འཛུགས་རྒྱུ་ཡིན་པ།

༄༅༎འཛམ་གླིང་གི་འགྱུར་འགྲོས་ལ་བལྟ་ཚུལ་ཇི་ཡིན་དྲིལ་བསྒྲགས་ཆེད་རྒྱ་ནག་གཞུང་གིས་བདུན་ཕྲག་འདིའི་རེས་གཟའ་ལྷག་པ་ནས་ཡོ་རོབ་ཀྱི་སྣ་ཚོགས་ཁྲོམ་རའི་ནང་བརྙན་འཕྲིན་རྒྱང་སྲིང་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།

རྒྱ་ནག་གཞུང་གི་གཞུང་འབྲེལ་ཤིན་ཧཱ་གསར་འགྱུར་ལས་ཁང་དང་ཡོ་རོབ་ཀྱི་རྒྱང་སྲིང་ལས་ཁང་ཁག་ཅིག་མཉམ་སྦྲེལ་ཐོག་ནས་ཉིན་ལྟར་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་བརྙན་འཕྲིན་རྒྱང་སྲིང་བྱ་རྒྱུ་ཡིན་ཞིང་རྒྱང་སྲིང་བྱ་རྒྱུའི་བརྙན་འཕྲིན་ཁག་རྒྱ་ནག་གཞུང་གི་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཏུ་ཡོད་པའི་གཞུང་ཚབ་ཁང་སོ་སོའི་མདུན་དང་དེ་མིན་སྣ་ཚོགས་ཁྲོམ་ར་ཁག་གི་བརྙན་འཕྲིན་ནང་སྟོན་རྒྱུ་ཡིན་པ་རེད། འོན་ཀྱང་ཡོ་རོབ་ཀྱི་སྣ་ཚོགས་ཁྲོམ་ར་ཁག་ནས་ས་གནས་གང་དུ་སྟོན་མིན་དང་རྒྱ་ནག་གཞུང་གིས་ཁྲོམ་རའི་བདག་པོར་བརྙན་འཕྲིན་སྟོན་གླ་ཇི་ཙམ་སྤྲོད་མིན་ཐད་ཞིབ་ཕྲ་གསལ་བཤད་གནང་མེད་པ་རེད།

རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་གྱི་ནུས་པ་ཤེས་རྟོགས་བྱས་ནས་རྒྱལ་སྤྱིའི་ནང་རྒྱ་ནག་གི་དབང་ཤུགས་དང་ཤུགས་རྐྱེན་ཇེ་ཆར་གཏོང་ཐབས་སུ་རྒྱ་ནག་གཞུང་གིས་གསར་འགྱུར་བརྒྱུད་ལམ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞིང་རྒྱ་ནག་གཞུང་གི་གཞུང་འབྲེལ་དྲིལ་བསྒྲགས་བརྙན་འཕྲིན་སི་སི་ཊི་ལྦི་ཞེས་པ་དེ་འཛམ་གླིང་ཁྱོན་ཡོངས་ནང་སྔར་བས་རྒྱ་ཁྱབ་ཆེ་རུ་གཏོང་རྒྱུར་གཞུང་གྲོན་ཨ་སྒོར་ཐེར་འབུམ་དྲུག་དང་ཕྱེད་ལྷག་ཙམ་སྔོན་རྩིས་གཏན་འབེབས་གནང་ཡོད་པ་རེད། ཡང་འཛམ་གླིང་ཡུལ་གྲུ་གང་གི་ནང་རྒྱ་ནག་གཞུང་གི་བརྙན་འཕྲིན་རྒྱ་སྐྱེད་བྱེད་མིན་སོགས་ཞིབ་ཕྲའི་གནས་ཚུལ་ད་ལྟ་ཕྱིར་བསྒྲགས་གནང་མེད་པ་རེད། རྒྱ་ནག་གུང་ཁྲན་ཏང་གིས་ལོ་ངོ་༧༥སྔ་རོལ་དུ་གུང་ཁྲན་ཏང་གི་དྲིལ་བསྒྲགས་ལས་དོན་ཁོ་ནའི་ཆེད་བཙུགས་པའི་ཤིན་ཧཱ་གསར་འགྱུར་བརྒྱུད་ལམ་ལས་ཁང་གིས་རྒྱ་ནག་རྒྱལ་ཡོངས་ནང་གསར་འགྱུར་འགྲེམས་སྤེལ་དང་མིག་སྟོན་ཇི་བྱེད་སྟངས་འཛིན་ཡན་པོར་མ་སོང་བར་བྱས་དང་བྱེད་བཞིན་པ་རེད།

Comments

You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.




གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org