རྒྱ་ནག་གཞུང་གིས་རྒྱ་ནག་དང་ཨ་མི་རི་ཀའི་བར་ལ་འབྲེལ་ལམ་གྱི་སྒོ་མོ་འབྱེད་པའི་ལེའུ་གསར་པ་ཞིག་ཤར་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
༄༅༎རྒྱ་ནག་གཞུང་གིས་ཟླ་བ་འདིའི་ནང་དུ་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུ་ཡིན་པ་དེ་ནི་རྒྱ་ནག་དང་ཨ་མི་རི་ཀའི་བར་ལ་འབྲེལ་ལམ་གྱི་སྒོ་མོ་འབྱེད་པའི་ལེའུ་གསར་པ་ཞིག་ཤར་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་སྐུ་ཞབས་ཨོ་སྦ་མ་མཆོག་ཟླ་བ་འདིའི་ཕྱི་ཚེས་བཅོ་ལྔ་ནས་བཅོ་བརྒྱད་བར་ཉིན་གྲངས་བཞིའི་རིང་རྒྱ་ནག་ཏུ་འཚམས་འདྲི་ཕེབས་རྒྱུའི་ཐོག་མར་རྒྱ་ནག་གི་ཚོང་ལས་གྲོང་ཁྱེར་ཧྲང་ཧད་དུ་བབས་ཚུགས་གནང་སྟེ་དེ་རྗེས་རྒྱལ་ས་པེ་ཅིང་དུ་ཕེབས་ཐོན་གནང་རྒྱུ་ཡིན་ཞིང་དེ་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་ཧེ་ཡ་ཕྷེ་ཡིས་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་ལ་སྲིད་འཛིན་ཨོ་སྦ་མ་ཡི་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་སྐོར་ལ་བཤད་དོན་ལ་ང་ཚོ་རྒྱ་ནག་ཕྱོགས་ནས་ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་ཐོག་ལ་གལ་ཆེའི་གྲུབ་འབྲས་ཤིག་ཡིན་པ་དང་དེ་ཡང་དམིགས་བསལ་དུས་རབས་གསར་པའི་ནང་དུ་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་འཕེལ་རྒྱས་ཐོག་ལ་ཧ་ཅང་གི་གལ་འགངས་ཆེན་པོར་ངོས་འཛིན་བྱེད་ཀྱི་ཡོད་ལ་ད་ཆ་ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་ལོ་རྒྱུས་གསར་པའི་སྒོ་མོ་འབྱེད་པའི་ཁ་ཕྱོགས་སུ་བསྐྱོད་ཀྱི་ཡོད་པ་རེད་ཅེས་བཤད་ཡོད་པ་རེད། ད་དུང་ཧེ་ཕ་ཕྷེ་ཡིས་བཤད་པར་ད་རེས་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་གི་འཚམས་འདྲི་དེའི་རིང་ལ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་དེ་སེལ་ཐབས་ལ་རྒྱ་ནག་ལྷན་དུ་མཉམ་ལས་ཡོང་ཐབས་འབད་བརྩོན་གནང་རྒྱུའི་གནད་དོན་དེ་ནི་རྒྱ་ནག་གི་དཔོན་རིགས་ལྷན་དུ་གྲོས་མོལ་གནང་རྒྱུའི་ནང་དོན་གཙོ་བོ་ཞིག་ཡིན་པ་དང་ད་དུང་ཡུལ་གྲུ་གཉིས་བར་ལ་མཉམ་ལས་གནང་རྒྱུ་གཙོས་པའི་གྲོས་མོལ་གྱི་གནད་དོན་ཁག་ཅིག་ཐོག་གྲོས་འཆམ་ཡོང་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་ལས་གྲོས་འཆམ་ཡོང་རྒྱུའི་རེ་བ་བྱེད་པའི་གྲོས་མོལ་གང་ཞིག་ཡིན་མིན་སྐོར་རྒྱས་བཤད་གང་ཡང་བྱས་མེད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
བོད་དོན་ཐོག་རོམ་གྱི་ཡོངས་ཁྱབ་སྤྱི་བསྒྲགས།
བོད་ཀྱི་གནད་དོན་སེལ་ཐབས་མུ་མཐུད་མཐུན་འགྱུར་གནང་འཆར།
ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།
ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།
རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།
ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།
རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།
ཨི་ཊ་ལི་རུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐོར།