རྒྱ་ནག་གི་མཁའ་དབྱིངས་དམག་དོན་ལས་གཞིའི་སྐོར།

2009-11-05

རྒྱ་ནག་གི་མཁའ་དབྱིངས་དམག་དོན་གྱི་ལས་གཞི་དེ་ཞི་བའི་ལས་དོན་ཁོ་ན་ཡིན་སྐོར་རྒྱ་གཞུང་གིས་ནན་བརྗོད་བྱས་པའི་སྐོར་གནས་ཚུལ་འདུག

༄༅༎ཉེ་དུས་རྒྱ་ནག་གི་དྲག་པོའི་དཔུང་དམག་རྒྱ་སྐྱེད་བྱེད་པ་དང་ལྷག་པར་དུ་མཁའ་དབྱིངས་སྟེང་རྒྱ་ནག་གི་དམག་དོན་གྱི་ལས་གཞི་གསར་བསྐྲུན་བྱེད་པ་དེར་ཕྱི་ཕྱོགས་ནས་བློ་དོགས་ཆེན་པོ་བྱུང་བའི་གནས་ཚུལ་ལས་འཕྲོས་ཏེ་རྒྱ་ནག་གི་མཁའ་དབྱིངས་དམག་དོན་གྱི་ལས་གཞི་དེ་ཞི་བའི་ལས་དོན་ཁོ་ན་ཡིན་སྐོར་རྒྱ་ནག་གཞུང་གིས་ནན་བརྗོད་བྱས་པའི་སྐོར་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གི་དམག་དོན་གྱི་ལས་འཆར་ཕྱི་གསལ་ནང་གསལ་མེད་པའི་རྐྱེན་ཕྱིའི་ཡུལ་ཁག་ཚོས་རྒྱ་ནག་གི་དམག་དོན་གྱི་སྟོབས་ཤུགས་ཇེ་ཆེར་བཏང་བའི་དམིགས་ཡུལ་ལ་བློ་དོགས་བྱེད་བཞིན་པའི་ཁར་ཉེ་སྔོན་རྒྱ་ནག་གི་གནམ་དམག་དམག་སྤྱི་ཤུ་ཆི་ལེང་གིས་གཞུང་འབྲེལ་ཤིན་ཧུཨ་གསར་ལས་ཁང་ཐོག་ནམ་མཁའ་སྔོན་པོའི་སྟེང་ལྕགས་ཁྲའི་དཀྱིལ་སྐོར་ཞེས་མཁའ་དབྱིངས་ཐོག་རྒྱ་ནག་གི་དམག་དོན་གྱི་སྟོབས་ཤུགས་རྒྱ་ཁྱབ་གཏོང་རྒྱུ་ཡིན་ཚུལ་འགྲེལ་བརྗོད་བྱས་ཏེ་ཨ་རི་གཙོས་པའི་དམག་དོན་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཁག་ལ་འགྲན་རྩོད་ཀྱི་བློ་དོགས་དང་སྣང་ཚུལ་བསྐྲུན་ཡོད་པ་རེད། དེ་རིང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་རྒྱ་ནག་གི་མཁའ་དབྱིངས་སྟེང་དམག་དོན་གྱི་ལས་གཞི་དེ་རྒྱལ་ནང་སྲུང་སྐྱོབ་ཙམ་མ་ཟད་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོབ་ཀྱི་དམིགས་ཡུལ་ཁོ་ན་བཟུང་གི་ཡོད་ཚུལ་དང་རྒྱ་ནག་ཕྱོགས་ནས་མཁའ་དབྱིངས་སྟེང་གོ་མཚོན་དཔུང་འཇོག་གི་འགྲན་བསྡུར་ལ་དུས་རྣམ་པ་ཀུན་དུ་ངོ་རྒོལ་བྱེད་ཀྱི་ཡོད་ཅེས་ནན་བརྗོད་བྱས་འདུག

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

འབྲེལ་ཡོད་གནས་ཚུལ།

ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།

ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།

རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།

ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།

རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།

ཨི་ཊ་ལི་རུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐོར།

བལ་བོད་ས་མཚམས་ནས་བྲོས་བྱོལ་ཡོང་མཁན་བོད་མི།

བོད་མི་རྩོམ་པ་པོ་ཀུན་དགའ་ཚེ་དབྱངས་ལ་བཙོན་བཅུག་ཉེས་ཆད།

རྒྱ་གཞུང་གིས་རྒྱ་གར་ནས་ཐོན་པའི་འཁོར་ཐག་ལ་དམ་བསྒྲཊ།

ཨ་མདོ་ཕྱོགས་ཀྱི་བཙོན་པ་ཁག་གློད་བཀྲོལ་བཏང་བ།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org