རྒྱ་ནག་གཞུང་ནས་འཛམ་གླིང་གི་གནམ་གཤིས་འགྱུར་འགྲོའི་ཚོགས་ཆེན་དེའི་ཐོག་བཞུགས་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད་འདུག
༄༅༎ཁ་སྔོན་རྒུན་རུན་ལན་གྱི་སྲིད་བློན་དང་ཕྱི་སྲིད་བློན་ཆེན་རྣམ་གཉིས་ནས་རྒྱ་ནག་གཞུང་གིས་སྐྱོན་འཛུགས་བྱེད་མིན་ལ་མི་ལྟོས་པར་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་གནང་ཡོད་པས་དེར་བརྟེན་རྒྱ་ནག་གཞུང་ནས་རིང་མིན་རྒུ་རུན་ལན་དུ་འཚོག་རྒྱུའི་འཛམ་གླིང་གི་གནམ་གཤིས་འགྱུར་འགྲོའི་ཚོགས་ཆེན་དེའི་ཐོག་བཞུགས་འདོད་མེད་པའི་རྣམ་འགྱུར་བསྟན་ཡོད་པ་རེད་འདུག
དེའང་ཉེ་ཆར་རྒྱ་ནག་གཞུང་ནས་བདུན་ཕྲག་རྗེས་མ་དེའི་ནང་རྒུ་རུན་ལན་དུ་འཚོག་རྒྱུའི་འཛམ་གླིང་གནམ་གཤིས་ཀྱི་ཚོགས་འདུ་དེའི་ཐོག་རྒྱ་ནག་བཞུགས་རྒྱུ་མིན་པའི་རྣམ་འགྱུར་ཞིག་བསྟན་ཡོད་པ་དང་ད་རེས་གློ་བུར་ཐོན་པའི་གནས་ཚུལ་དེའི་ཐོག་རྒྱ་ནག་གི་སྲིད་དོན་ལ་ཉམས་ཞིབ་གནང་མཁན་མཁས་དབང་ཁག་ཅིག་གིས་རྒྱ་ནག་གཞུང་ནས་དེ་འདྲའི་ཐག་གཅོད་བྱེད་དགོས་དོན་དེ་ནི་ཁ་སྔོན་སྤྱི་ཟླ་ལྔ་པའི་ཚེས་ཉི་ཤུ་དགུ་ཉིན་རྒྱ་ནག་གཞུང་ནས་གཏམ་བཤད་ཅིག་སྤེལ་ཏེ་གལ་ཏེ་རྒུ་རུན་ལན་གྱི་སྲིད་བློན་དང་ཕྱི་འབྲེལ་བློན་ཆེན་རྣམ་གཉིས་ནས་ཏཱ་ལའི་བླ་མ་དང་ཐུག་འཕྲད་གནང་བ་ཡིན་ན་དེས་རྐྱེན་པས་རྒྱ་ནག་དང་ཌེན་མག་གི་འབྲེལ་ལམ་ལ་གནོད་སྐྱོན་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་ཅིང་ཡིན་ནའང་རྒྱ་ནག་གཞུང་གི་ཉེན་བརྡ་གཏོང་མིན་ལ་མི་ལྟོས་པར་རྒུ་རུན་ལན་གྱི་སྲིད་བློན་ར་སི་མུ་སན་དང་ཕྱི་འབྲེལ་བློན་ཆེན་མོའོ་ལར་རྣམ་གཉིས་ལ་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་དང་མཇལ་འཛོམས་བཀའ་མོལ་གནང་ཡོད་པས་དེར་བརྟེན་རྒྱ་ནག་གཞུང་ཁོང་ཁྲོ་ལངས་ཏེ་བདུན་ཕྲག་རྗེས་མའི་ནང་རྒུ་རུན་ལན་དུ་ཚོགས་རྒྱུའི་འཛམ་གླིང་གནམ་གཤིས་ཀྱི་ཚོགས་འདུ་དེའི་ཐོག་རྒྱ་ནག་བཞུགས་རྒྱུ་མིན་པའི་རྣམ་འགྱུར་དེ་ཆེད་མངགས་བསྟན་ཡོད་པ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད་འདུག་ལ་གཞན་ཡང་བདུན་ཕྲག་རྗེས་མ་དེའི་ནང་འཚོག་རྒྱུའི་འཛམ་གླིང་གནམ་གཤིས་ཀྱི་ཚོགས་འདུ་དེ་གོ་སྒྲིག་གནང་མཁན་རྒུ་རུན་ལན་གྱི་འབྲེལ་ཡོད་དཔོན་རིགས་ཚོས་ཚོགས་འདུ་དེའི་ཐོག་རྒྱ་ནག་བཞུགས་རྒྱུ་མིན་པའི་ཐག་གཅོད་དེས་ཚོགས་འདུ་དེའི་ཐོག་ལ་དམིགས་བསལ་གྱི་སྐྱོན་གང་ཡང་ཡོང་རྒྱུ་མིན་ཞིང་གང་ཡིན་ཟེར་ན་ཁོང་ཚོའི་ངོས་ནས་མུ་མཐུད་ཨ་རི་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབྲེལ་ཡོད་གནས་ཚུལ་ཁག་གི་ཐོག་བཀའ་བསྡུར་ཞུ་བཞིན་ཡོད་པར་ཡང་གསུངས་འདུག།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
བོད་ཀྱི་རྒྱལ་རབས་དང་རིག་གཞུང་ཞིབ་འཇུག
མདོ་སྨད་ཕྱོཊ་སུ་རྒྱ་ནག་གཞུང་གི་ལས་བྱང་བཅག་ཡོད་པ།
རྒྱ་གཞུང་གིས་བོད་ཡིག་དགེ་རྒན་ཚོར་ཉེས་ཆད་བཀལ་བ།
རྒྱ་གར་དུ་ཧི་མ་ལ་ཡའི་དགོན་སྡེ་ཁག་གི་ལྷན་ཚོགས་གནང་འཆར།
ཁྲིམས་དཔོན་དམ་པ་སོ་ནྰ་ལི་སྦན་རྡིའི་དྲན་རྟེན།
ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།
Comments
You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.
View all comments.