རྒྱ་ནག་གི་ས་ཁྲའི་ནང་ཐེ་ལྦན་རྒྱ་ནག་གི་ཆ་ཤས་ཡིན་པ་མངོན་མེད་པའི་སྦྲགས་རྟགས་གཅིག་ལ་རིན་གོང་ཆེན་པོར་ཚོང་བསྒྱུར་བྱས་ཡོད་པ་རེད།
༄༅༎དེ་སྔ་རྒྱ་ནག་གི་སྦྲགས་ཡིག་ཐོག་སྦྱར་རྒྱུའི་སྦྲགས་རྟགས་གསར་པ་ཞིག་བཟོས་ཏེ་ཚོང་འགྲེམས་བྱེད་པའི་སྐེ་མཚམས་དེར་སྦྲགས་རྟགས་དེའི་རྒྱབ་ལྗོངས་སུ་བྲིས་པའི་རྒྱ་ནག་གི་ས་ཁྲའི་ནང་ཐེ་ལྦན་རྒྱ་ནག་གི་ཆ་ཤས་ཡིན་པ་མངོན་མེད་པར་བརྟེན་ཚོང་འགྲེམས་བྱེད་རྒྱུ་ནས་ཕྱིར་བསྡུ་བྱས་པ་དེའི་སྦྲགས་རྟགས་གཅིག་ལ་ཧོང་ཀོང་ནང་དམངས་ཁྲོད་དུ་ཚོང་འགྲེམས་བྱས་ཏེ་ཧོང་ཀོང་གི་ཌོ་ལར་ས་ཡ་གསུམ་ལྷག་གི་རིན་གོང་རགས་ཡོད་པ་རེད།
དེ་ཡང་ཕྱི་ལོ་༡༩༦༨ནང་བཟོ་སྐྲུན་བྱས་པ་དང་དེང་སྐབས་ཐོན་དཀོན་པའི་རྒྱ་ནག་གི་སྦྲགས་རྟགས་གཅིག་ཧོང་ཀོང་གི་ཁྲོམས་རའི་ཐོག་ཚོང་འགྲེམས་བྱས་པའི་སྐབས་ཨེ་ཤེ་ཡའི་མི་ཞིག་གིས་ཧོང་ཀོང་གི་ཌོ་ལར་ས་ཡ་གསུམ་དང་༦༨སྤྲད་དེ་ཉོས་པ་དང་ད་དུང་སྦྲགས་རྟགས་དེ་དང་རི་མོ་སོགས་བཟོ་བཀོད་གཅིག་པ་ཡིན་པ་ལ་དེ་ལས་ཆུང་ཙམ་བྱས་པ་དྲུག་ལ་ཧོང་ཀོང་གི་ཌོ་ལར་ས་ཡ་གསུམ་ཙམ་བྱས་ཏེ་ཚོང་བསྒྱུར་བྱས་ཡོད་པ་རེད། སྦྲགས་རྟགས་དེ་བཟོ་སྐྲུན་བྱེད་མཁན་ལྦང་ལྦེ་ཧྲེན་དང་ཁོང་གི་ལས་རོགས་ཚོས་རྒྱ་ནག་ནང་དུ་ཕྱི་ལོ་༡༩༦༠ར་གྲངས་ནས་མི་ལོ་བཅུ་ཙམ་རིང་ལ་རིག་གནས་གསར་རྗེ་ཟེར་བའི་རིག་གཞུང་རྙིང་པ་རྩ་མེད་བཟོ་བའི་ལས་འགུལ་སྤེལ་བའི་རིང་སྦྲགས་རྟགས་མི་འདྲ་བ་བཟོ་སྐྲུན་བྱས་ཡོད་ཅིང་དེའི་ནང་ནས་ཁོང་གིས་བཟོ་སྐྲུན་བྱས་པའི་མདུན་དུ་བཟོ་པ་ཞིག་གི་ལག་ཏུ་མའོ་ཙེ་ཏུང་གི་གསུང་བསྡུས་ཞིག་འཁྱེར་ཏེ་དེའི་རྒྱབ་ལྗོངས་ཀྱི་བཟོ་བཀོད་ནང་དུ་མཚོན་མདོག་དམར་པོས་བྲིས་པའི་རྒྱ་ནག་གི་ས་ཁྲའི་ནང་དུ་ཐེ་ལྦན་རྒྱ་ནག་གི་མངའ་འོག་ཡིན་པ་འབུར་ཐོན་བྱུང་མེད་པ་རེད། སྐབས་དེར་ལྦང་ལྦེ་ཧྲེང་ཡིས་སྦྲགས་རྟགས་བཟོ་སྐྲུན་གྱི་ལས་དོན་ཡོངས་སུ་ཚར་ཏེ་ལས་མཇུག་མཐའ་མའི་སྐབས་སྦྲགས་དེའི་ནང་དུ་ནོར་འཁྲུལ་ཚབས་ཆེ་བྱུང་ཡོད་པ་ཤེས་རྟོགས་བྱུང་སྟེ་ཐེ་ལྦན་དུ་བྲོས་བྱོལ་དུ་ཕྱིན་པ་ས་རྒྱ་ནག་ནང་དུ་སྦྲགས་རྟགས་དེ་འགྲེམས་སྤེལ་བྱས་ཏེ་ཉིན་མ་ཕྱེད་ཀ་ཕྱིན་པའི་རྗེས་ས་ཁྲའི་ཐོག་ནོར་འཁྲུལ་བྱུང་བ་ཤེས་རྟོགས་བྱུང་ཏེ་ཚང་མས་ཕྱིར་བསྡུ་བྱེད་དགོས་བྱུང་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
རང་བཙན་བོད་མི་མང་གི་རེ་སྨོན༨པ།
རྩོམ་པ་པོ་ལྦང་ལི་ཞུང་གི་དཔྱད་གཏམ།
རྒྱ་ནག་ཉེན་རྟོག་པས་བཀྲིས་དོན་གྲུབ་འཚོལ་བཞིན་པ།
ཐའེ་ལྦན་གྱིས་མཚོ་གླིང་གི་བདག་དབང་རྩོད་ལེན་མི་བྱེད་རྒྱུ།
ཨ་རིའི་སྙན་ཐོར་རྒྱ་ནག་གིས་མི་འདོད་པའི་སྐྱོན་བརྗོད།
རྒྱ་ནག་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧོང་ཆིའི་ལ་ཉེས་ཆད།
རྒྱ་ནག་ཧད་ལུང་ཅང་ཞིང་ཆེན་དུ་རྡོ་སོལ་གཏེར་ཁང་འབར་གས།
བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་བཞི་འཛིན་བཟུང༌།
རང་ཡུལ་ལ་རྒྱང་གཟིགས་གནང་བ་ཡིན་ནམ།
རྒྱ་ནག་ནང་རྡོ་སོལ་བསྡོཌ་འདོན་གྱི་ས་སྦུག་ནང་མེ་ཤོར་གྱི་རྐྱེན་ངན།