ཉིས་སྟོང་བདུན་ལོའི་རྒྱ་ནག་གི་དམག་དོན་འགྲོ་གྲོན་སྔོན་རྩིས་སྐོར།

2008-09-04

ཉེ་ལམ་རྒྱ་ནག་གཞུང་གིས་༢༠༠༧ལོའི་རྒྱ་ནག་གི་དམག་དོན་གྱི་འགྲོ་གྲོན་སྔོན་རྩིས་ཀྱི་སྙན་ཐོ་ཞིག་རྒྱལ་ཚོགས་ལ་ཕུལ་ཡོད་པའི་གནས་ཚུལ།

༄༅༎མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྒྱལ་སྤྱིའི་ཐོག་རྒྱལ་ཁབ་སོ་སོའི་དམག་དོན་གྱི་སྔོན་རྩིས་ཕྱི་གསལ་ནང་གསལ་ཡོང་ཕྱིར་རྟོགས་ཞིབ་ཀྱི་ལས་དོན་ནང་ སྔ་ལོ་རྒྱ་ནག་གཞུང་གིས་ལས་དོན་མཉམ་བཞུགས་འགོ་འཛུགས་བྱས་པའི་རྗེས་ ཉེ་ལམ་རྒྱ་ནག་གཞུང་གིས་༢༠༠༧ལོའི་རྒྱ་ནག་གི་དམག་དོན་གྱི་འགྲོ་གྲོན་སྔོན་རྩིས་ཀྱི་སྙན་ཐོ་ཞིག་རྒྱལ་ཚོགས་ལ་ཕུལ་ཡོད་པའི་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུཨ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

མཉམ་སྦྲེལ་རྒྱལ་ཚོགས་ནས་དམག་དོན་གྱི་སྔོན་རྩིས་ལས་དོན་ཞེས་པ་དེ་༡༩༨༠འི་ལོར་རྒྱལ་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་སྟེང་གྲོས་ཆོད་གཏན་འབེབས་བྱུང་ཡོད་པ་རེད་ གྲོས་ཆོད་དེའི་འོག་ རྒྱལ་ཁབ་ཚང་མས་དམག་དོན་གྱི་འགྲོ་གྲོན་སྔོན་རྩིས་ཡོངས་རྫོགས་ཁ་གསལ་སྟོན་པའི་ཐོག་ མཐར་ཡུལ་ཁག་ཚང་མའི་ནང་དམག་དོན་གྱི་འགྲོ་གྲོན་ཉུང་དུ་གཏོང་ཐབས་ཀྱི་ལས་གཞི་ཡིན་པ་རེད་ རྒྱལ་ཚོགས་ཀྱི་དམག་དོན་སྔོན་རྩིས་ལས་དོན་དེའི་ནང་རྒྱལ་ཁབ་༡༡༠མཉམ་བཞུགས་ཡོད་ནའང་ ལོ་མང་རིང་རྒྱ་ནག་གཞུང་གིས་ལས་དོན་དེའི་ནང་འཛུལ་ཞུགས་བྱས་མེད་པ་རེད་ ཡིན་ཡང་༢༠༠༦ལོར་རྒྱ་ནག་གཞུང་ནས་རྒྱལ་ཚོགས་ཀྱི་དམག་དོན་སྔོན་རྩིས་ལས་དོན་ནང་མཉམ་བཞུགས་འགོ་བཙུགས་བྱས་སྟེ་ ད་རེས་རྒྱལ་ཚོགས་ལ་རྒྱ་ནག་གི་དམག་དོན་སྔོན་རྩིས་ཕུལ་བ་ཐེངས་གཉིས་པ་ཡིན་འདུག རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་མ་ ཅང་ཡུ་ གིས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་བརྗོད་དོན་ལྟར་ན་ ཐེངས་འདིའི་རྒྱལ་ཚོགས་ལ་ཕུལ་བའི་རྒྱ་ནག་གི་དམག་དོན་སྔོན་རྩིས་ཀྱི་སྙན་ཐོ་དེའི་ནང་ ༢༠༠༧ལོའི་རྒྱ་ནག་གཞུང་གི་དམག་དོན་གྱི་འགྲོ་གྲོན་དང་འབྲེལ་བའི་གནས་ཚུལ་ཞིབ་ཕྲ་ཡོད་པ་མ་ཟད་ འགྲོ་གྲོན་གྱི་དམིགས་ཡུལ་དང་སྔོན་རྩིས་འགོ་འགྲེམས་བྱ་ཕྱོགས་སོགས་ཀྱི་སྐོར་ དེ་སྔོན་གྱི་སྙན་ཐོ་ལས་གནས་ཚུལ་ཞིབ་ཚགས་ཡོད་པ་དང་ སྙན་ཐོ་དེའི་བརྒྱུད་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་སྤྱིའི་ཐོག་དམག་དོན་གྱི་ཐད་ནས་ རྒྱལ་ཁབ་ཚང་མས་སྔོན་རྩིས་ཕྱི་གསལ་ནང་གསལ་དང་ ཕན་ཚུན་དབར་ཡིད་ཆེས་བསྐྲུན་རྒྱུ་གལ་འགངས་ཆེན་པོར་ངོས་འཛིན་བྱེད་པ་དེ་གསལ་པོ་མཚོན་གྱི་ཡོད་སྐོར་འགྲེལ་བརྗོད་བྱས་འདུག།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

འབྲེལ་ཡོད་གནས་ཚུལ།

༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།

ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།

རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།

རྒྱ་གཞུང་གིས་ཉེ་ཆར་ཡང་ཇ་ཞེས་པར་སྲོག་ཁྲིམས་བཅད་པ།

རྒྱ་གཞུང་གིས་བོད་ནང་སྔ་ལས་ལྷག་པའི་དམ་བསྒྲགས་བྱེད་བཞིན།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས།

རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་འགྲོ་བཞིན་པ།

རྒྱ་ནག་ནང་ཁ་ལོ་བ་གསུམ་བརྒྱ་ཙམ་ཞིག་གིས་ངོ་རྒོལ་བྱས་པ།

རྒྱ་ནག་གིས་ཐའེ་ལྦན་གྱི་སོ་པ་སྲོག་ཐོག་བཏང་བར་སྐྱོན་བརྗོད།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org