རྒྱ་ནག་ཏུ་ཕག་པའི་རིམས་ནད་ཀྱིས་མི་བཅུ་གཉིས་ཤི་བ།

2009-11-06

རྒྱ་ནག་ནང་དུ་དེང་སྐབས་དར་ཁྱབ་འགྲོ་བཞིན་པའི་ཕག་པའི་རིམས་ནད་འགོད་ཁྱབ་བྱུང་བའི་ནད་པ་བཅུ་གཉིས་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ།

༄༅༎རྒྱ་ནག་ནང་དུ་དེང་སྐབས་དར་ཁྱབ་འགྲོ་བཞིན་པའི་ཕག་པའི་རིམས་ནད་འགོད་ཁྱབ་བྱུང་བའི་ནད་པ་བཅུ་གཉིས་རྐྱེན་ལམ་དུ་ཕྱིན་པའི་གནས་ཚུལ་ཐོན་པའི་རྗེས་སུ་སླར་ཡང་རེས་གཟའ་ཕུར་བུའི་ཉིན་གསར་དུ་ནད་པ་གཅིག་རྐྱེན་ལམ་དུ་ཕྱིན་པའི་སྐོར་དེ་རིང་ཤིང་ཧཱ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་ནག་ནང་དུ་H1N1འགོས་ནད་དེས་རྐྱེན་བྱས་ཏེ་གསར་ཏུ་ནད་པ་གཅིག་རྐྱེན་ལམ་དུ་ཕྱིན་པ་དེ་ནི་རྒྱ་ནག་གཞུང་གིས་ངོས་འཛིན་བྱེད་པའི་ནང་སོག་རང་སྐྱོང་ས་ཁུལ་ནང་གི་ལོ་ན་༦༥ཡིན་པའི་རྒས་མོ་ཀྲོ་ཤིའུ་ཆིན་ཟེར་བ་ཡིན་ཞིང་ཀྲོ་ཤིའུ་ཆིན་ནི་རེས་གཟའ་ཟླ་བའི་ཉིན་ཐོག་མར་ནད་མནར་གྱིས་གྲོང་ཁྱེར་ཨུ་ལན་ཁརྡ་ཡི་སྨན་ཁང་དུ་བསྐྱལ་བའི་རྗེས་H1N1ཕག་པའི་རིམས་ནད་འགོས་ཁྱབ་བྱུང་བའི་བརྟག་དཔྱད་ཀྱི་ངོས་བཟུང་ཐོབ་པ་མ་ཟད་ནད་གཞིའི་ནད་སྟངས་ཛ་དྲག་ཏུ་ཕྱིན་ཏེ་ཁྲག་རྩའི་ནད་གཞི་དང་མཁལ་མའི་ལས་ཀ་མི་བྱེད་པའི་བླ་གཉན་གྱི་ནད་གཞི་རྙོག་འཛིང་ཆེ་རུ་ཕྱིན་ཏེ་རེས་གཟའ་ཕུར་བུའི་ཉིན་དགུང་ཚོུད་དང་པོའི་གཡས་གཡོན་དུ་འདས་གྲོངས་སུ་ཕྱིན་ཡོད་པ་རེད། དེར་བརྟེན་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་ས་གནས་སྨན་གྱི་སློབ་གཉེར་ཁང་དང་སློབ་གྲྭ་ཁག་ལ་སློབ་ཕྲུག་ཚོར་ཕག་པའི་རིམས་ནད་འགོག་སྲུང་གི་སྨན་ཁབ་ལ་རིན་འབབ་ལེན་རྒྱུ་མེད་པའི་བཀོད་ཁྱབ་བཏང་བ་མ་ཟད་རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ་སློབ་ཕྲུག་དང་སྨན་ཁང་གི་ལས་བྱེད་པ་ སྤྱི་ཚོགས་ཀྱི་འཕྲོད་བསྟེན་ཐོག་ལས་ཀ་བྱེད་མཁན་ རྒས་གཅོང་ཚོར་ཕག་པའི་རིམས་ནད་འགོག་སྲུང་གི་སྨན་ཁབ་རིན་མེད་དུ་མཁོ་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད། གང་ལྟར་རྒྱ་ནག་ནང་དུ་ཕག་པའི་རིམས་ནད་ཀྱིས་རྐྱེན་བྱས་ཏེ་ནད་པ་བཅུ་གཉིས་རྐྱེན་འདས་འགྲོ་ཡུལ་གྱི་ས་གནས་ནི་བོད་དང་མཚོ་སྔོན་ཞིང་ཆེན། ཀན་སུའུ། རྒྱལ་ས་པེ་ཅིང༌། ཤིན་ཅང༌། ཧེ་ལོང་ཅིང༌། ཀོང་ཤི། ཧུ་ནན། ཀྲེ་ཅང༌། ཧེ་པེ། ནིན་ཤ་བཅས་ཡིན་ཞིང་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གིས་རེས་གཟའ་ཕུར་བུ་བར་དུ་རྒྱ་ནག་རྒྱལ་ཡོངས་ནས་ཕག་པའི་རིམས་ནད་འགོས་ཁྱབ་བྱུང་བའི་ནད་པ་ཁྱོན་ལྔ་ཁྲི་ཆིག་སྟོང་ལྷག་བྱུང་ཡོད་པ་དང་ད་དུང་ཡང་ནད་པ་༡༥༣གྱི་གནས་སྟངས་ཛ་དྲག་ཡོད་པའི་ནང་ནས་ནད་པ་༡༡༠སྨན་ཁང་དུ་སྨན་བཅོས་བྱེད་མུས་ཡིན་པའི་བསྡོམས་རྩིས་བཏོན་ཡོད་པ་རེད།

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།
གནས་ཚུལ་འདི་གཞན་ལ་སྤེལ།

འབྲེལ་ཡོད་གནས་ཚུལ།

ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།

ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།

རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།

ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།

རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།

ཨི་ཊ་ལི་རུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐོར།

བལ་བོད་ས་མཚམས་ནས་བྲོས་བྱོལ་ཡོང་མཁན་བོད་མི།

བོད་མི་རྩོམ་པ་པོ་ཀུན་དགའ་ཚེ་དབྱངས་ལ་བཙོན་བཅུག་ཉེས་ཆད།

རྒྱ་གཞུང་གིས་རྒྱ་གར་ནས་ཐོན་པའི་འཁོར་ཐག་ལ་དམ་བསྒྲཊ།

ཨ་མདོ་ཕྱོགས་ཀྱི་བཙོན་པ་ཁག་གློད་བཀྲོལ་བཏང་བ།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org