༄༅༎ཛི་ནིའུ་སི་ཞེས་པའི་གསར་འགྱུར་ལས་ཁང་གིས་ད་རིང་པེ་ཅིང་ནས་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་གུང་བྲན་ཚོགས་པའི་དྲུང་ཆེ་གཞོན་པ་པད་མ་ཆོས་གླིང་ངམ་པད་མ་འཕྲིན་ལས་ཀྱིས་ད་རིང་རེས་གཟའ་ཉི་མའི་ཉིན་གཏམ་བཤད་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཕྱོགས་སུ་ཡོད་པའི་བོད་རིགས་ས་ཁུལ་ཁག་ཅིག་ནང་། རང་ལུས་མེར་སྲེགས་བཏང་བའི་རིགས་བྱུང་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནང་གི་མི་མང་ཚོས་རང་གི་མི་ཚེ་འདི་གལ་ཆེན་པོ་བརྩི་པ་པ་མ་ཟད། རྒྱལ་ཁབ་དང་། སྤྱི་ཚོགས་ཀྱི་སྲུང་སྐྱོབ་ལ་དགའ་ཞེན་ཆེན་པོ་ཡོད་པར་བརྟེན་དགེ་འདུན་པ་དང་བཙུན་མ་དེ་བཞིན་བོད་མི་སུ་གཅིག་གི་ཀྱང་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་སྲེགས་བཏང་མཁན་བྱུང་མེད་ཅེས་འགྲེལ་བརྗོད་བྱས་ཡོད་ལུགས་བཀོད་འདུག ཡང་ཁོ་པས་མུ་མཐུད་ནས། ཏཱ་ལའི་ཤོག་ཁག་ཚོས་རང་ལུས་མེ་སྲེག་གི་སྐུལ་མ་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་ཡང་བྱེད་འདུག།
