རྒྱ་ནག་གཞུང་ནས་དགག་ཆ་བྱེད་མིན་ལ་ལྟོས་མེད་འཇར་མན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུར་འགྱུར་བ་གཏོང་རྒྱུ་མིན་ལུགས་གསུངས་འདུག
༄༅༎རྒྱ་ནག་གཞུང་ནས་དགག་ཆ་བྱེད་མིན་ལ་ལྟོས་མེད་འཇར་མན་གྱི་གྲོས་ཚོགས་འཐུས་མི་རྣམས་ནས་༸གོང་ས་མཆོག་མཇལ་འཕྲད་ཞུ་རྒྱུར་འགྱུར་བ་གཏོང་རྒྱུ་མིན་ལུགས་གསུངས་འདུག།
བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ད་རིང་འཇར་མན་ཁུལ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་དང་། ཉིན་ཤས་རིང་ཁུལ་དེར་བཞུགས་བཞག་གནང་རྒྱུན་རིང་འཇར་མན་གྱི་དཔལ་འབྱོར་ཡར་རྒྱས་ལས་དོན་ཚན་པའི་བློན་ཆེན་མཆོག་དང་། གྲོས་ཚོགས་ཀྱི་ཚོགས་གཙོ་། གཞན་ཡང་མངའ་སྡེ་གཉིས་ཀྱི་དབུ་འཁྲིད་དང་མཇལ་འཕྲད་གནང་རྒྱུས་མཚོན་གསུངས་བཤད་ཁག་ཅིག་གནང་རྒྱུའི་མཛད་འཆར་ཡོད་འདུག།
ཡང་མཛད་འཆར་ཉིན་མཐའ་མ་སྟེ་ཚེས་བཅུ་དགུ་ཉིན་འཇར་མན་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ལྷན་དུ་གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་དེའི་ཐོག། རྒྱ་ནག་གཞུང་ཚབ་ཁང་ནས་སྐྱོན་བརྗོད་དང་སྦྲགས་ གདན་འདྲེན་མ་ཞུས་རོགས་ཞེས་གནོན་ཤུགས་སྤྲད་ཡོད་ཀྱང་ འཆར་གཞི་སྔོན་དུ་གཏན་འཁེལ་བར་འགྱུར་བ་གཏོང་རྒྱུ་མིན་ལུགས་གསུངས་ཡོད་པའི་སྐོར་གྲོས་ཚོགས་འཐུས་མི་སྐུ་ཞབས་པོ་ལེནཛ་མཆོག་ནས་གསུངས་འདུག།
༸གོང་ས་མཆོག་འཇར་མན་གྱི་མཛད་འཆར་ཁག་གྲུབ་གནང་བའི་རྗེས་སུ་དབྱིན་ཡུལ་དུ་ཆིབས་བསྒྱུར་གྱིས། ཕྱི་སྲིད་ལས་དོན་ཚན་པའི་གདན་ཞུས་གནང་བ་ལྟར་གྲོས་ཚོགས་ནང་། བོད་ཀྱི་ཉེ་ཆར་གནས་སྟངས་དང་། ལྷག་པར་དུ་འགྲོ་བ་མིའི་ཐོབ་ཐང་གི་དངོས་ཡོད་གནས་ཚུལ་རྣམས་གསུངས་གནང་གི་ཡོད་པ་དང་། ལྷག་པར་དུ་དབྱིན་ཇིའི་སྲིད་བློན་མཆོག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་ཡང་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
བོད་རྒྱ་འབྲེལ་མོལ་རྗེས་ཀྱི་གསར་འགོད་གསལ་བསྒྲགས།
བོད་ཆབ་མདོ་སྨར་ཁམས་འོད་ཟེར་དགོན་པར་དམ་བསྒྲགས་བྱེད་པ།
ཨ་རིའི་སྲིད་འཛིན་འོས་མི་ཨོ་སྦ་མ་ཨོ་ལིམ་པིག་ཏུ་ཕེབས་རྒྱུ་མིན་པ།
བོད་ཀྱི་འགྲུལ་བཞུད་ཅེས་པའི་དཔེ་དེབ་སྐོར།
བོད་རྒྱའི་འབྲེལ་མོལ་ཐངས་བདུན་པའི་སྐོར།
ཟས་བཅད་ངོ་རྒོལ་མཚམས་འཇོག་གནང་ཡོད་པ།
བོད་རྒྱའི་འབྲེལ་མོལ་བདུན་པའི་ཐོག་དཔྱད་པ།
རྒྱ་ནག་གཞུང་གིས་སླར་ཡང་ཆ་རྐྱེན་རྙིང་པ་བསྐྱར་ཟློས་བྱས་པ།