རྒྱ་ནག་དང་ཐེ་དབན་བར་གཟའ་འཁོར་གཅིག་ནང་འགྲུལ་བསྐྱེལ་གནམ་གྲུ་ཐད་ཀར་འཕུར་བསྐྱོད་བྱ་རྒྱུའི་གྲོས་མཐུན་བྱུང་འདུག
༄༅རྒྱ་ནག་དང་ཐེ་དབན་བར་གཟའ་འཁོར་གཅིག་ནང་འགྲུལ་བསྐྱེལ་གནམ་གྲུ་ཐད་ཀར་འཕུར་བསྐྱོད་བྱ་རྒྱུའིི་གྲོས་མཐུན་བྱུང་བའི་རྗེས་དེ་རེས་ཕྱི་ཟླ་བདུན་པའི་ཚེས་བཞིའི་ཉིན་རྒྱ་ནག་གི་འགྲུལ་བསྐྱེལ་གནམ་གྲུ་ཐོག་མ་དེ་ཐེ་དབན་གྱི་ཐའོ་ཡོན་གནམ་ཐང་དུ་འབྱོར་ཡོད་པ་དང་གནམ་གྲུའི་ནང་འགྲུལ་པ་མི་གྲངས་ཉིས་བརྒྱ་ལྔ་བཅུ་ང་བརྒྱད་ཡོད་ཅིང་དེ་དག་མང་ཆེ་བ་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་ཡིན་པ་དང་དེ་མིན་རྒྱ་ནག་ཤའ་མན་གནམ་གྲུ་ལས་ཁང་གི་འགྲུལ་བསྐྱེལ་གནམ་གྲུ་ཞིག་ཀྱང་ཉིན་དེའི་སྔ་དྲོ་ཐེ་དབན་གྱི་སུང་ཧྲན་གནམ་ཐང་དུ་འབྱོར་ཡོད་པ་རེད།
རྒྱ་ནག་ནས་ཐེ་དབན་ནང་ཐད་ཀར་འཕུར་བསྐྱོད་བྱས་པའི་འགྲུལ་བསྐྱེལ་གནམ་གྲུའི་ནང་གི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་ཐེ་དབན་གནམ་ཐང་དུ་འབྱོར་བའི་སྐབས་ཐེ་དབན་ཡུལ་སྐོར་སྤྲོ་འཆམ་ལས་ཁང་སོགས་ཀྱིས་དགའ་བསུ་ཟབ་རྒྱས་ཞུས་ཡོད་པ་དང་རྒྱ་ནག་གི་འགྲུལ་བསྐྱེལ་གནམ་གྲུ་དེ་དག་རྒྱ་ནག་གནམ་ཐང་ནས་མ་ཐོན་གོང་རྒྱ་ནག་གི་ཐེ་དབན་ལས་དོན་ལྷན་ཁང་གི་གཞུལ་ལས་ཁང་གི་འགན་འཛིན་བང་དབྱིས་ནས་གཏམ་བཤད་སྤེལ་ཡོད་པ་དང་ཁོང་གིས་གསུངས་ན་དེ་རིང་གི་ཉིན་མ་དེའི་ཆེད་ང་ཚོས་འབད་བརྩོན་ལྷོད་མེད་བྱས་ཡོད་པ་དང་དེ་ནི་རྒྱ་ནག་དང་ཐེ་དབན་བར་གྱི་འབྲེལ་ལམ་གྱི་ལམ་བུ་གསར་པ་ཞིག་ཡིན་པ་བཤད་ཡོད་པ་རེད༎
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཨ་མདོ་ས་ཁུལ་དུ་དགོན་སྡེ་ཁག་ཅིག་གི་གནས་སྟངས།
༸གོང་ས་མཆོག་གིས་དད་ལྡན་ཚོར་བཀའ་ཆོས་གནང་གྲུབ་པ།
ཁམས་ཁུལ་དུ་གྲྭ་བ་བརྒྱད་ལ་དུས་བཀག་ཁྲིམས་ཐག་བཅད་པ།
བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ཕྱོགས་སུ་ས་འགུལ།
ཁམས་དཀར་མཛེས་ཁུལ་དུ་བོད་མི་ཁག་ཅིག་གློད་བཀྲོལ་བཏང་བ།
འབྲས་ལྗོངས་བོད་ཀྱི་མགྲོན་ཁང་ལ་གཟེངས་རྟགས།
བོད་རྒྱའི་གྲོལ་མོལ་ཐེངས་བརྒྱད་པ།