ཨ་མི་རི་ཀའི་དམག་དཔོན་ཞིག་གིས་དམག་སྒར་ནང་གང་བྱུང་མེ་མདའ་རྒྱབ་ཏེ་དམག་མི་བཅུ་གཉིས་བསད་པའི་གནས་ཚུལ་ཐོན་འདུག
༄༅༎ཨ་མི་རི་ཀའི་དམག་དཔོན་ཞིག་གིས་དམག་སྒར་ནང་གང་བྱུང་མེ་མདའ་རྒྱབ་ཏེ་དམག་མི་བཅུ་གཉིས་བསད་འདུག་ལ་དམག་མི་སུམ་ཅུ་སོ་གཅིག་ལ་རྨས་སྐྱོན་ཚབས་ཆེ་བཏང་བཞག
དེ་ཡང་ཨ་མི་རི་ཀའི་ཀྲེག་ས་སི་མངའ་སྡེའི་ནང་ཡོད་པའི་ཕོ་ཊི་ཧུདྲ་དམག་སྒར་ནང་ཁ་ས་རེས་གཟའ་ཕུར་བུའི་ཉིན་གུང་ཚོུད་དང་པོ་དང་ཕྱེད་ཀ་ཙམ་ལ་དམག་དཔོན་ནི་ཌའལ་མ་ལིཀ་ཧ་སན་ཞེས་པས་གང་བྱུང་མེ་མདའ་རྒྱབ་ཏེ་དམག་མི་བཅུ་གཉིས་ཙམ་སྡེབས་བསད་བཏང་བཞག ནག་ཅན་པ་དམག་དཔོན་ཧ་སན་ནི་དམག་མིའི་སེམས་ཁམས་རིག་པའི་སྨན་པ་ཞིག་ཡིན་པ་དང་ཁོ་པ་ད་ལྟ་ལོ་ན་སུམ་ཅུ་སོ་དགུ་ཡིན་འདུག ཨ་རིའི་གཞུང་གིས་གསུང་པར་གཞིགས་ན་དམག་དཔོན་ཧ་སན་ནི་ཇོར་ཌེན་ཡུལ་གྱི་མི་རིགས་ཤིག་ཡིན་ཀྱང་སྐྱེས་ཡུལ་ནི་ཨ་རིའི་ལྦར་ཇི་ནི་ཡ་མངའ་སྡེའི་ནང་སྐྱེས་པའི་ཆ་ནས་ཨ་རིའི་ཡུལ་མི་ཞིག་ཡིན་པ་རེད། ཁ་ས་རྐྱེན་འདས་སུ་ཕྱིན་པའི་ཁོངས་སུ་མེ་མདའ་རྒྱབ་མཁན་དམག་དཔོན་མ་ལིཀ་ཧ་སན་ཁོ་རང་ཡང་ཤི་ཡོད་ལུགས་གནས་ཚུལ་ཐོན་ཡོད་ཀྱང་དེ་རིང་སི་ཨེན་ཨེན་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན་ཁོ་པ་ད་ལྟ་གསོན་པོར་གནས་ཡོད་པ་དང་ཨ་རིའི་དམག་མིས་འཛིན་བཟུང་བཀག་ཉར་འོག་གནས་ཡོད་འདུག་ལ་ཨ་རིའི་དམག་མི་དང་གསང་བའི་ལས་ཁང་ཁག་གིས་ཁོ་པའི་ཁང་པར་སྔོག་བཤེར་དང་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་དེ་སྤེལ་དགོས་དོན་ཇི་ཡིན་ཞིབ་འཇུག་གནང་བཞིན་ཡིན་འདུག
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
བོད་ཀྱི་གནད་དོན་སེལ་ཐབས་མུ་མཐུད་མཐུན་འགྱུར་གནང་འཆར།
ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།
ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།
རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།
ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་བློན་མཇལ་འཛོམས།
ཨ་མི་རི་ཀའི་སྲིད་འཛིན་ལྷོ་ཀོ་རི་ཡར་ཕེབས་འབྱོར་གནང་ཡོད་པ།
ཨ་རི་དང་རྒྱ་ནག་སྲིད་འཛིན་རྣམ་གཉིས་ཀྱི་གྲོས་མོལ།
༸གོང་ས་མཆོག་གི་སྐུ་ཚབ་དང་གྲོས་མོལ་གནང་རྒྱུར་རྒྱབ་སྐྱོར།