༄༅།།ཉེ་ལམ་ཕ་རན་སི་གསར་འགྱུར་བརྒྱུད་ལམ་གྲགས་ཅན་France 24ཞེས་པའི་གསར་འགོད་པ་སྐུ་ཞབས་སི་རིལ་པ་ཡན་ Cyril Payenལགས་ཀྱིས་བདུན་ཕྲག་གཅིག་རིང་བོད་ནང་སྐོརབསྐྱོད་འགྲོ་རྒྱུའི་ཆོག་མཆན་ཐོབ་རྗེས་བོད་ནང་བསྐྱོད་དེ། རྒྱ་མིའི་ཉེན་རྟོག་མི་སྣས་ཤེས་ཚོར་མེད་པའི་ཐོག་ནས་ས་གནས་བོད་མི་ཁག་ཅིག་ལ་བོད་ནང་གི་གནས་སྟངས་སྐོར་དྲིས་པ་དང། ཕྱོགས་མཚུངས་བོད་མིའི་དགོན་སྡེ་ཁག་གི་ཆོས་བྱེད་དགེ་འདུན་པ་བཅས་ལ་སྐད་ཆ་དྲིས་པ་རྣམས་ལ་བོད་མི་ཚོས་འཛེམས་ཟོན་གང་ཡང་མེད་པར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཆེན་པ་ཞུས་ཡོད་པ་མ་ཟད། བོད་མི་ ༡༡༧ གྱིས་རང་སྲེག་ལས་འགུལ་སྤེལ་ཏེ་རྒྱ་ནག་གཞུང་གི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་སྐྱོན་བརྗོད་ཧ་ཅང་བྱས་པའི་བརྙན་འཕྲིན་ཞིག་ཕྱིར་བསྒྲགས་གནང་ཡོད།།
