བོད་ཀྱི་ཁམས་ཁྲི་འདུ་ཁུལ་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག
༄༅༎དེ་ཡང་ཕ་ཡུལ་དྲ་གནས་སུ་བོད་ནས་གནས་ཚུལ་འབྱོར་བའི་ནང་གསལ་ལྟར་ན། ཁ་ས་རེས་གཟའ་ལྷག་པ་སྟེ་ཚེས་བརྒྱད་ཉིན་ག་་སྐྱེ་རྒུ་མདོའི་ཉེ་འཁྲིས་སུ་ཆགས་པའི་ཁྲི་འདུ་མངའ་ཁུལ་དུ་ཡོད་པའི་རྫི་སྒར་དགོན་པའི་དགེ་འདུན་པ་བཞི་བརྒྱ་ལྷག་ཙམ་ནས་སྔ་དྲོའི་ཆུ་ཚོད་བཅུ་པའི་ཐོག་ཁྲི་དུ་ནས་རྫ་སྟོད་གྲོང་ཚོའི་བར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག སྐབས་དེར་ཁོང་རྣམས་ནས་ལག་ཏུ་དར་མཚོན་དམར་པོ་དང་། སྔོན་པོ་ཅན་འཁྱེར་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་ལ་གདན་འདྲེན་ཞུ་དགོས། པན་ཆེན་རིན་པོ་ཆེས་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་གཏོང་དགོས། བོད་མིའི་ཚེ་སྲོག་ལ་གུས་བརྩི་ཞུ་དགོས་ཟེར་བ་སོགས་ཀྱི་སྐད་འབོད་སྒྲོག་ཡོད་འདུག དར་མཚོན་དམར་པོ་དང་། སྔོན་པོ་གཉིས་ནི་བོད་གངས་ཅན་ལྗོངས་ཀྱི་སྲུང་མ་ཡིན་པའི་མཚོན་དོན་ཡིན་འདུག ཁོང་རྣམས་ནས་ཆུ་ཚོད་གསུམ་ཙམ་རིང་སྐད་འབོད་རྒྱབ་ཡོད་ཀྱང་སྐབས་དེར་འཛིན་བཟུང་བྱས་པའི་རིགས་བྱུང་མེད་ཀྱང་དམག་མི་དང་། ཉེན་རྟོག་པ་སོགས་འགྲེམས་འཇོག་བྱས་ནས་དམ་བསྒྲགས་ཤུགས་ཆེ་བྱས་ཡོད་འདུག
|
|
གཞན་ལ་ཐོངས། |
|
|
གནས་ཚུལ་ཕབ་ལེན་བྱེད་པ། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
༧གོང་ས་མཆོག་གིས་ལས་འབྲས་རྣམ་གཞག་སྐོར་བཀའ་སློབ།
ལོ་རྒྱུས་ཐོག་བོད་རང་བཙན་གྱི་ཁུངས་སྐྱེལ་ཡིག་ཆ་དྲིལ་བསྒྲགས།
༧གོང་ས་མཆོག་གིས་ཚན་རིག་པ་དང་ལྷན་བགྲོ་གླེང་།
བོད་ནང་དཔལ་འབྱོར་འཛུགས་བསྐྲུན་ཡར་རྒྱས་སྐོར་གཏམ་བཤད།
མུན་ནག་གི་ཉིན་མོ་ཞེས་པར་དྲན་གསོ།
བོད་རང་བཙན་བསྐྱར་གསོའི་གསལ་བསྒྲགས།
བོད་པའི་སྐད་ཡིག་ལ་དོ་སྣང་དགོས་པའི་བཀའ་སློབ།
ཆོས་ལུགས་ཀྱིས་དྲང་བདེན་དང་ཞི་བདེ་གོང་འཕེལ་གཏོང་ཕྱོགས།
མཆན།
Click here to add your own comment