གངས་སྐྱོན་འོག་བོད་མིར་དཀའ་ངལ།

2013-02-27
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
གངས་སྐྱོན་འོག་བོད་མིར་དཀའ་ངལ།
ལ་དྭགས་ཀྱི་གངས་སྐྱོན་འོག་བོད་རིགས་འབྲོག་པའི་སྒོ་ཕྱུགས་སེམས་ཅན་མང་པོར་གནོད་འཚེ་བྱུང་ཡོད་པ་རེད།
ལ་དྭགས་ས་གནས་གཞིས་འགོ།

༄༅།    །འདི་ལོའི་ཕྱི་ཟླ་དང་པོའི་ཟླ་དཀྱིལ་ནས་བཟུང་ད་བར་རྒྱ་གར་བྱང་ཕྱོགས་ལ་དྭགས་བྱང་ཐང་ཁུལ་གངས་ཧ་ཅང་ཆེན་པོ་བབས་ནས་སྒོ་ཕྱུགས་སེམས་ཅན་རྣམས་ལ་རྩ་ཁ་མེད་པ་སོགས་ཀྱི་དཀའ་ངལ་འོག་ད་བར་རྭ་ལུག་ཁྱོན་བསྡོམས་ལྔ་སྟོང་ཙམ་ཤི་སྐྱོན་བྱུང་ཡོད་པ་དང་། ས་མཚམས་རྒྱ་གར་དམག་མི་ཚོས་ས་གནས་ཁག་ཅིག་ལ་མཐུན་འགྱུར་གནང་བཞིན་ཡོད་ཀྱང་། ད་དུང་མུ་མཐུད་ས་ཁུལ་ཁག་ཅིག་ལ་གངས་ཆེན་པོ་ཆགས་ཡོད་སྟབས་ལམ་ཁ་བཤངས་མི་ཐུབ་པ་དང་། དེས་རང་བཞིན་གྱི་མི་དང་སེམས་ཅན་རྣམས་ལ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་སྐོར་ལ་དྭགས་བསོད་རྣམས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་འགོ་དོན་གྲུབ་བཀྲ་ཤིས་ལགས་ཀྱིས་འགྲེལ་བརྗོད་གནང་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།