༄༅༎རྒྱ་གཞུང་གི་རྒྱབ་སྐྱོར་ཡོད་པའི་ཧོང་ཀོང་གི་གྲོང་འཁྱེར་སྤྱི་ཁྱབ་པའི་འོས་དམིགས་ནས་མི་མང་ནང་ཁོང་ཐོག་བསམ་ཚུལ་ཤུགས་ཆེ་ཡོད་པ་དང་ཁོང་གྲོང་འཁྱེར་སྤྱི་ཁྱབ་པའི་འོས་དམིགས་ནས་ཕྱིར་འཐེན་དགོས་པའི་གནོན་ཤུགས་ལ་ལྟོས་མེད་ཀྱིས་ཁོང་གྲོང་འཁྱེར་སྤྱི་ཁྱབ་པའི་འོས་དམིགས་ལ་ལངས་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། ཧོང་ཀོང་གྲོང་འཁྱེར་སྤྱི་ཁྱབ་ཀྱི་འོས་དམིགས་སྐུ་ཞབས་ཧེན་རི་ཏང་ཡིས་ཉིན་ཤས་སྔོན་ཁོང་གི་བཟའ་ཟླས་ཁང་ཁུངས་ཤིག་ཁྲིམས་འགལ་ཐོག་བརྒྱབ་པའི་གནས་ཚུལ་བྱུང་པའི་རྗེས་སུའང་ཁོང་གྲོང་འཁྱེར་གྱི་སྤྱི་ཁྱབ་པའི་འོས་དམིགས་ལ་ཞུགས་རྒྱུའི་སྙན་ཞུ་བསྐངས་འབུལ་ཞུས་ཡོད་པ་རེད། ཁོང་ལ་བདུན་སྔོན་མ་དེར་གོང་ཞུས་ཀྱི་དཀའ་རྙོགས་ཀྱི་གནས་ཚུལ་དེ་བྱུང་མིན་ལ་མ་ལྟོས་པར་ཁོང་ཧོང་ཀོང་གི་དལྟའི་ལས་ཐོག་གྲོང་འཁྱེར་སྤྱི་ཁྱབ་པ་ཌོ་ནལདྲ་ཚང་ཡི་ཚབ་ཏུ་འོས་འདེམས་ཡོང་རྒྱུར་རྒྱ་དམར་གཞུང་གིས་ཁོང་ལ་རྒྱབ་སྐྱོར་ཡོད་པ་ཡོངས་གྲགས་ཡིན་པ་རེད། ཁོང་གིས་བཟའ་ཟླས་ཁང་ཁུངས་ཆོག་ཆན་མེད་པར་རྒྱབ་པ་དེ་ངོས་ལེན་གནང་ཡང་དེ་ཁོང་གི་བཟའ་ཟླས་རང་ཉིད་ཀྱི་ཆོག་ཆན་མེད་པར་རྒྱབ་སྐོར་གཏམ་བཤད་བྱས་ཡོད་པ་རེད་ ཁོང་གིས་ཉེ་བའི་འཆར་ངོས་རང་ལ་མདོག་ཆོག་གི་གནས་ཚུལ་མང་དག་ཅིག་ཐོན་པ་དེ་དག་ངོས་རང་གི་ནང་མི་དང་འབྲེལ་བ་ཡོད་པ་རེད་ཅེས་དང་ དཀའ་རྙོགས་དེ་དག་མེད་པ་བཟོས་ཆོག་ཡིན་ནའང་ངོས་རང་གི་ནང་མི་སྲུང་སྐྱོབས་བྱེད་སྐབས་ཁོང་ཚོར་དེ་བས་གནོད་སྐྱོན་ཆེ་བ་བཟོ་གི་འདུག མི་དམངས་ཐོག་ནས་ངོས་ལ་ཡིད་ཆེས་མེད་པའི་གནས་ཚུལ་ཡང་ལྷག་གི་འདུག་ཅེས་གསུང་འདུག།
