རྒྱ་གར་དང་ཨ་རིའི་རྡུལ་ཕྲན་ལས་འཆར་གྱི་ཆིངས་དོན་དེར་རྒྱབ་སྐྱོར།

2008-07-05

རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་རྡུལ་ཕྲན་ལས་འཆར་གྱི་ཆིངས་དོན་དེར་རྒྱ་གར་གྱི་མངའ་སྡེའི་སྲིད་དོན་ཚོགས་པ་ཞིག་གིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་འདུག

༄༅༎རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་རྡུལ་ཕྲན་ལས་འཆར་གྱི་ཆིངས་དོན་དེར་ གཟའ་སྤེན་པའི་ཉིན་རྒྱ་གར་གྱི་མངའ་སྡེའི་སྲིད་དོནཚོགས་པ་ཞིག་གིས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་པ་བརྗོད་འདུག་པ་དང་ འདིས་ད་ལྟའི་ཀོང་རེསི་ཚོགས་པས་སྣེ་འཁྲིད་པའི་རྒྱ་གར་གྱི་གཞུང་མུ་མཐུད་གནས་རྒྱུར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་རེད་

རྒྱ་གར་གྱི་ད་ལྟའི་མནའ་འབྲེལ་ཚོགས་པའི་ཁོངས་སུ་རྒྱ་གར་གྱི་དམར་ཤོག་ཚོགས་པ་འདྲ་མིན་དེ་དག་ཀྱང་ཡོད་པ་དང་ ཁོང་ཚོས་ རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་རྡུལ་ཕྲན་ལས་གཞི་མཉམ་འབྲེལ་བྱ་རྒྱུའི་ཆིངས་དོན་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་ གལ་ཏེ་ཀོང་རེསི་ཚོགས་པའི་ངོས་ནས་མུ་མཐུད་ཆིངས་དོན་དེ་ལག་བསྟར་བྱ་རྒྱུར་མདུན་བསྐྱོད་བྱེད་ཚེ་ དམར་ཤོག་ཚོགས་པ་དེ་དག་གཞུང་ནས་ཕྱིར་འཐེན་བྱ་རྒྱུའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད་ གལ་ཏེ་ཁོང་ཚོའི་རྒྱབ་སྐྱོར་ཕྱིར་འཐེན་བྱེད་ཚེ་ གསར་དུ་རྒྱལ་ཡོངས་འོས་བསྡུ་གཉེར་དགོས་པ་ཆགས་རྒྱུའི་ཉེན་ཁ་ཡོད་པ་རེད་ འོན་ཀྱང་གཟའ་སྤེན་པའི་ཉིན་ ས་མཇ་ལྦ་རྡི་ཚོགས་པས་ཀོང་རེསི་ཀྱི་མནའ་འབྲེལ་གཞུང་ལ་གྲོས་ཚོགས་ཀྱི་ནང་མང་མོས་འབྱུང་རྒྱུར་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་བརྗོད་པ་དེས་ དམར་ཤོག་ཚོགས་པ་ཁག་གིས་རྒྱབ་སྐྱོར་མེད་ན་ཡང་ གསར་དུ་འོས་བསྡུ་གཉེར་དགོས་པ་ཆགས་རྒྱུ་མིན་པ་རེད་

ས་མཇ་ལྦ་རྡི་ཚགས་པའི་དབུ་འཁྲིད་ ཨ་མར་སིང་གིས་ རྒྱ་གར་དང་ཨ་མི་རི་ཀའི་དབར་གྱི་རྡུལ་ཕྲན་མཉམ་འབྲེལ་གྱི་ཆིངས་དོན་དེ་ནི་ རྒྱལ་ཁབ་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་ཡིན་པས་ དངོས་འབྲེལ་བྱས་ན་ང་ཚོས་ལོ་གཅིག་ཙམ་གྱི་སྔོན་ནས་གཞུང་ལ་རྒྱབ་སྐྱོར་ཞུ་དགོས་པ་ཞིག་ཆགས་ཡོད་པ་རེད་ཅེས་གསུངས་འདུག

རྒྱ་གར་གཞུང་གི་ངོས་ནས་ ཨ་རི་དང་བཞག་པའི་ཆིངས་དོན་དེ་ལག་བསྟར་བྱ་རྒྱུར་མགྱོགས་མྱུར་རྒྱལ་སྤྱིའི་རྡུལ་ཕྲན་ལས་དོན་ལྷན་ཁང་ནས་ ཆིངས་དོན་དེར་འགྲིག་ངེས་ཀྱི་བཀའ་ཁྲོལ་ཐོབ་དགོས་ཀྱི་ཡོད་པ་རེད་ ཆིངས་དོན་དེར་ཨ་རིའི་སྲིད་འཛིན་སྦུཤ་མཆོག་དང་ རྒྱ་གར་གྱི་སྲིད་བློན་ མན་མོ་ཧན་སིང་ རྣམ་གཉིས་ནས་མཚན་རྟགས་བསྐྱོན་ཡོད་པ་རེད༎

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

འབྲེལ་ཡོད་གནས་ཚུལ།

༸གོང་ས་མཆོག་གང་མགྱོགས་སྨན་ཁང་ནས་ཕྱིར་ཕེབས་རྒྱུ།

རྒྱ་གར་ནང་འབར་རྫས་གཉིས་གས་ཐོར་མ་བྱས་གོང་བརྙེད་ཡོད་པ།

བྱང་ཀོ་རི་ཡས་རྡུལ་ཕྲན་བཟོ་གྲའི་ལས་གཞི་མཚམས་འཇོག་བྱ་རྒྱུ།

༸གོང་ས་མཆོག་ཉིན་ཤས་ནང་སྨན་ཁང་ནས་ཕྱིར་ཕེབས་ཐུབ།

རྒྱ་གར་སྲིད་བློན་གཞོན་པ་ཟུར་པས་བོད་དེབ་དབུ་འབྱེད་གནང་བ།

རྒྱ་གར་དང་ཨ་རི་དབར་རྡུལ་ཕྲན་ཉོ་ཚོང་ཐད་ས་རྟགས་བཀོད་པ།

བཙན་བྱོལ་བོད་མིའི་ངོས་ནས་བི་ཧར་ཡུལ་མི་ལ་རོགས་རམ།

བོད་གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་གི་གསལ་བསྒྲགས།

ཨ་རིས་ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་བྱེད་རྒྱུའི་གནས་ཚུལ།

ཉི་ཧོང་དང་རྒྱ་གར་གཉིས་ཀྱི་ཚོང་འབྲེལ་གྲོས་མཐུན་སྐོར།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org