རྒྱ་གར་གཞུང་གིས་ཨ་རུ་ན་ཅཱལ་ཁུལ་ནང་༸གོང་ས་མཆོག་གི་མཛད་འཆར་སྐོར་གནས་ཚུལ་མཁོ་སྒྲུབ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་འདུག
༄༅༎རིང་མིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེ་ཁུལ་དུ་ཆིབས་བསྒྱུར་གནང་སྐབས་ཕྱི་རྒྱལ་གྱི་གསར་འགོད་པ་དང་གསར་འགྱུར་བརྒྱུད་ལམ་ཁག་ལ་རྒྱ་གར་གཞུང་གིས་ཁུལ་དེའི་ནང་༸གོང་ས་མཆོག་གི་མཛད་འཆར་སྐོར་གནས་ཚུལ་མཁོ་སྒྲུབ་བྱེད་མི་ཆོག་པའི་བཀོད་ཁྱབ་བཏང་སྟེ་གནས་ཚུལ་མཁོ་སྒྲུབ་ཀྱི་ལས་དོན་ལ་དོགས་ཟོན་དང་བཏང་འཛིན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་ཨེ་པི་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང་གསལ་ལྟར་ན་རྒྱ་གར་ནང་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་པ་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཨ་རུ་ན་ཅཱལ་མངའ་སྡེ་ཁུལ་དུ་ཆིབས་བསྒྱུར་བསྐྱངས་སྐབས་གསར་འགོད་པ་ཚོས་ཁུལ་དེའི་ནང་གནས་ཚུལ་མཁོ་སྒྲུབ་ཀྱི་འགྲིམ་འགྲུལ་བྱེད་རྒྱུར་རྒྱ་གར་གཞུང་གིས་བཀའ་ཁྲོལ་གནང་གི་མེད་པ་མ་ཟད་དེ་སྔོན་འགྲིམ་འགྲུལ་གྱི་བཀའ་ཁྲོལ་ཐོབ་ཟིན་པ་ཨེ་པི་གསར་ལས་ཁང་གི་གསར་འགོད་པ་གཉིས་ཐེ་བས་གསར་འགོད་པ་བཞི་ཡི་བཀའ་ཁྲོལ་ཕྱིར་འཐེན་བྱས་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་ཨ་རུ་ན་ཅཱལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་ཆིབས་བསྒྱུར་གྱི་མཛད་འཆར་ལ་རྒྱ་ནག་གཞུང་གིས་དགག་པ་དང་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད། བདུན་ཕྲག་སྔོན་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༸གོང་ས་མཆོག་གི་ཆིབས་བསྒྱུར་དེ་བཞིན་ཆོས་ཕྱོགས་ཀྱི་མཛད་འཆར་ཁོ་ན་ཡིན་ཡང་རྒྱ་ནག་གཞུང་གིས་དེར་ཆབ་སྲིད་ཀྱི་གོ་བ་སྤྲོད་ཀྱི་ཡོད་པའི་སྐོར་བཀའ་ལན་གནང་ཡོད་པ་རེད། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཕྱི་རྒྱལ་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཧེ་ཐར་ཀྲི་མེན་སི་ཡིས་༸གོང་ས་ཏཱ་ལའི་བླ་མའི་ཨ་རུ་ན་ཅཱལ་མངའ་སྡེ་ཁུལ་གྱི་མཛད་འཆར་ཐད་རྒྱ་གར་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་ཚོར་གནས་ཚུལ་བཀོད་རྒྱུའི་བཀའ་ཁྲོལ་ཕྱིར་འཐེན་བྱས་པ་དེ་ང་ཚོ་ཧང་སང་དང་བློ་ཕམ་ཤིན་ཏུ་ཆེན་པོ་བྱུང་ཞེས་གསལ་འདོན་གནང་འདུག་ལ་ཡང་རྒྱ་གར་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པའི་གནད་དོན་དེའི་སྐོར་ལན་འདེབས་གསལ་བཤད་གང་ཡང་སྤྲད་མེད་པ་རེད།།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་གོ་བསྒྲིགས།
ཨ་རིའི་སྲིད་འཛིན་ཟུར་མཇལ་ཡོང་རེ་བྱེད་མཁན་བཀག་ཉར།
ཨོ་སྦ་མ་རྒྱ་ནག་ཏུ་འཚམས་གཟིཌ་ཀྱི་གནས་ཚུལ་བཀོད་ཕྱོཌ་སྐོར།
རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།
ཐའེ་ལྦན་ནས་རྒྱ་ནག་དང་ཆབ་སྲིད་ཀྱི་བཀའ་མོལ་དུས་ལ་བབས་མེད།
༸གོང་ས་མཆོག་གི་རྒྱལ་ས་ལྡི་ལིའི་ནང་གི་མཛད་འཆར།
རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་བློ་ཕམ།
ཨི་ཊ་ལི་རུ་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ལྔ་པའི་སྐོར།