གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་ཆེད་མཁའ་རླངས་དུག་རྫས་ཉུང་དུ་གཏོང་རྒྱུའི་དམིགས་ཚད་ངེས་ཅན་ཞིག་དགོས་པ་གསུངས་འདུག
༄༅༎རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱིས་གོ་ལའི་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་འགོག་ཐབས་ཆེད་མཁའ་རླངས་དུག་རྫས་ཉུང་དུ་གཏོང་རྒྱུའི་དམིགས་ཚད་ངེས་ཅན་ཞིག་དགོས་པ་དང་དུས་མཚུངས་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་གི་དཔལ་འབྱོར་འཕེལ་རྒྱས་ལ་དོ་ཕོག་མི་འགྲོ་བ་ཞིག་ཀྱང་ངེས་པར་དགོས་པ་གསུངས་འདུག
རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་གྱི་བཀའ་མོལ་དེ་ཉི་ཧོང་གི་རྒྱལ་ས་ཊོ་ཀྱིའོ་ནང་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་ཧེ་རོ་ཕུ་མི་ན་ཀ་སོ་ནེ་དང་མཇལ་འཕྲད་གནང་བའི་རྗེས་གསུངས་པ་ཞིག་ཡིན་ཞིང་ཁོང་གིས་ང་ཚོ་ཡུལ་གྲུ་གཉིས་ཀས་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་གནད་དོན་འདི་ནི་གལ་འགངས་ཆེན་པོའི་ཐོག་ནས་གདོང་ལེན་བྱེད་དགོས་པ་ཞིག་ཏུ་ཐོུང་གིས་ངོས་འཛིན་བྱེད་ཀྱི་ཡོད་ལ་ལས་དོན་འདིའི་ནང་ཡུལ་གྲུ་ཚང་མས་དོན་ཕན་སོན་པའི་མཉམ་ཞུགས་བྱ་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག
འོན་ཀྱང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཀིར་ཤི་ན་མཆོག་གིས་ཕྱི་ལོ་ཉིས་སྟོང་དགུའི་ལོ་མཇུག་ཏུ་ཡོ་རོབ་བྱང་མའི་ཡུལ་གྲུ་ཌེན་མཀ་ཀྱི་རྒྱལ་ས་སོ་ཊོཀ་ཧོམ་དུ་ཚུགས་རྒྱུའི་རྒྱལ་སྤྱིའི་ཁོར་ཡུག་གི་ཚོགས་ཆེན་དེའི་ཐོག་དམིགས་ཚད་ངེས་ཅན་ལྡན་ལ་ཆ་འཇོག་འཕེར་བའི་གྲོས་ཆོད་ཅིག་འཇོག་ཐུབ་པ་དགོས་ཀྱི་རེད་ལ་དེ་དང་དུས་མཚུངས་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཁག་གི་མགྱོགས་ཚད་མྱུར་པོའི་ཐོག་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བྱ་བཞག་ལ་ཡང་མི་གནོད་པ་ཞིག་ངེས་པར་དགོས་ཀྱི་རེད་ཅེས་གསུངས་འདུག
ཨ་མི་རི་ཀ་ལྟ་བུ་འབྱོར་ལྡན་གྱི་ཡུལ་གྲུ་ཚོས་གནམ་གཤིས་ཚ་དྲོད་ཆེ་རུ་གཏོང་བའི་རྒྱུ་རྐྱེན་གཙོ་བོ་རྡོ་སོལ་དང་རྡོ་སྣུམ་ལ་སོགས་པ་བསྲེགས་པ་ལས་བྱུང་བའི་མཁའ་རླངས་དུག་རྫས་ཀྱི་ཚད་གཞི་ཉུང་དུ་མ་བཏང་བར་རྒྱ་གར་དང་རྒྱ་ནག་ལྟ་བུ་ནུས་པ་དང་ལྡན་པའི་ཡར་རྒྱས་འགྲོ་བཞིན་པའི་ཡུལ་གྲུ་ཚོས་མཁའ་རླངས་དུས་རྫས་ཀྱི་ཚད་གཞི་ཉུང་དུ་གཏོང་རྒྱུར་ཁས་ལེན་བྱ་ཐུབ་ཐབས་མེད་པ་བརྗོད་བཞིན་ཡོད་པ་རེད།།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
|
|
གནས་ཚུལ་འདི་གཞན་ལ་སྤེལ། |
༸གོང་ས་མཆོག་རྒྱ་གར་གྱི་ཐུཌ་སྲས་ཡིན་སྐོར་བཀའ་གནང་འདུག
བོད་ཀྱི་རིག་གཞུང་དང་ལོ་རྒྱུས་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་སྐོར།
རྒྱ་གར་གྱི་སྲིད་བློན་མཆོག་ཨ་རིའི་ནང་རྒྱལ་དོན་གཟིགས་བསྐོར།
བོད་ཀྱི་རྒྱལ་རབས་དང་རིག་གཞུང་ཞིབ་འཇུག
རྒྱ་གར་དུ་ཧི་མ་ལ་ཡའི་དགོན་སྡེ་ཁག་གི་ལྷན་ཚོགས་གནང་འཆར།
ཁྲིམས་དཔོན་དམ་པ་སོ་ནྰ་ལི་སྦན་རྡིའི་དྲན་རྟེན།
རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་དུས་སྟོན་གོ་བསྒྲིགས།
Comments
You can add a comment by filling out the form below. Plain text formatting. Please note that comments must be approved by a moderator and will not appear on this page in real time. Please check back soon to see if your comment has been posted.
View all comments.