༄༅༎རྒྱ་གར་གྱི་གྲོས་ཚོགས་ནང་བེུད་ལ་འཐུས་མིའི་ཞབས་སྟེགས་གྲངས་ཚད་མང་ཏུ་གཏོང་རྒྱུའི་གྲོས་འཆར་དེར་རྒྱ་གར་གཞུང་གིས་རྒྱབ་སྐྱོར་ཆ་ཚང་གནང་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་འདུག་༎
རྒྱ་གར་ནང་བེུད་ལ་དབྱེ་འབྱེད་མེད་པར་ཐོབ་ཐང་དང་དབང་ཆ་འདྲ་མཉམ་བསྐྲུན་ཐབས་ཆེད་རྒྱ་གར་གྱི་གཞུང་འཛིན་ཀོང་རེ་སི་སྲིད་དོན་ཚོགས་པས་གྲོས་ཚོགས་ནང་བེུད་ལ་འཐུས་མིའི་ཞབས་སྟེགས་ཀྱི་གྲངས་ཚད་མང་དུ་གཏོང་རྒྱུའི་གྲོས་འཆར་བཏོན་ཡོད་པ་དང་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཐོག་ནས་གྲོས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོག་ནས་རྩ་ཁྲིམས་ལ་བསྐྱར་བཅོས་གནང་རྒྱུའི་གྲོས་ཆོད་གཏན་འབེབས་བྱུང་ཡོད་པ་རེད་ ཡིན་ཡང་རེས་གཟའ་ལྷག་པའི་ཉིན་གྲོས་འཆར་དེའི་ཐོག་གྲོས་ཚོགས་འོག་མའི་ནང་བགྲོ་གླེང་གནང་པའི་སྐབས་རྒྱ་གར་གྱི་སྤྱི་ཚོགས་རིང་ལུགས་ཚོགས་པ་ཁག་གཙོ་བོར་གྱུར་པའི་ཕྱོགས་འགལ་ཚོགས་པའི་འཐུས་མི་ཚོས་གྲོས་ཚོགས་ནང་ངོ་རྒོལ་དང་འགོག་རྐྱེན་ལ་བརྟེན་ཚོགས་འདུ་གྲོལ་སེང་གཏོང་དགོས་བྱུང་ཡོད་པ་རེད་ སྤྱི་ཚོགས་ནང་ཐོབ་ཐང་འདྲ་མཉམ་མེད་པར་དབྱེ་འབྱེད་དུ་ལུས་པའི་བེུད་རྣམས་ལ་གྲོས་ཚོགས་ནང་འཐུས་མིའི་ཞབས་སྟེགས་མང་དུ་གཏོང་རྒྱུའི་ལས་འཆར་དེ་བཞིན་ཀོང་རེ་སི་སྲིད་དོན་ཚོགས་པའི་དབུ་འཁྲིད་ལྕམ་སོ་ནི་ཡ་གེན་རྡི་གྱི་སྤྱི་ཚོགས་འཁོད་སྙོམ་བཟོ་རྒྱུའི་ལས་དོན་གྱི་མཛད་བྱུས་གཙོ་བོ་ཞིག་ལ་ཡོངས་གྲགས་ངོས་འཛིན་བྱེད་བཞིན་པ་རེད་ གཞུང་འཛིན་ཀོང་རེ་སི་སྲིད་དོན་ཚོགས་པའི་མགྲིན་ཚབ་མ་ཇ་ཡན་ཐི་ན་ཏ་ར་ཇན་གྱིས་གྲོས་ཚོགས་འོག་མའི་ནང་ ཕྱོགས་འགལ་ཚོགས་པའི་དགག་བྱ་བྱེད་མིན་ལ་མ་ལྟོས་པར་བེུད་ལ་འཐུས་མིའི་གྲངས་ཚད་མང་དུ་གཏོང་ཆེད་རྩ་ཁྲིམས་ལ་བསྐྱར་བཅོས་གནང་རྒྱུའི་ཕུགས་བསམ་བརྟན་པོ་ཡོད་པ་དང་ གྲོས་ཆོད་གཏན་འབེབས་ཆེད་འགོག་རྐྱེན་ཇི་འདྲ་ཞིག་ལ་གདོང་ལེན་མཐར་འཁྱོལ་གནང་རྒྱུ་ཡིན་པའི་སྐོར་གསལ་འདོན་གནང་བཞག་༎
