རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་ཨི་རན་གྱི་སྲིད་འཛིན་རྣམ་གཉིས་གཟའ་སྤེན་པའི་ཉིན་པེ་ཅིང་དུ་མཇལ་མོལ་གནང་ཡོད་པ་རེད།
༄༅༎རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་དང་རྒྱ་ནག་ནང་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ལས་རྩལ་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོར་ཕེབས་པའི་ཨི་རན་གྱི་སྲིད་འཛིན་རྣམ་གཉིས་གཟའ་སྤེན་པའི་ཉིན་པེ་ཅིང་དུ་མཇལ་མོལ་གནང་ཡོད་པ་རེད།
ཡུལ་གྲུ་གཉིས་ཀྱི་དཔོན་རིགས་དབར་མཇལ་མོལ་གནང་བའི་རིང་ཨི་རན་གྱི་རྡུལ་ཕྲན་གོ་མཚོན་བཟོ་བསྐྲུན་གྱི་རྩོད་གླེང་ཅན་གྱི་གནད་དོན་ཐོག་ཕན་ཚུན་བཀའ་མོལ་གནང་ཡོད་ཅིང། དཔོན་རིགས་གཉིས་དབར་གྱི་མཇལ་མོལ་དེ་བཞིན་ཕྱི་ཕྱོགས་སུ་ཡོངས་བསྒྲགས་མིན་པའི་ཐོག་ནས་གནང་ཡོད་པ་དང༌། མཇལ་མོལ་མ་གནང་སྔོན་ཨི་རན་གྱི་སྲིད་འཛིན་ནས་རྒྱ་ནག་དང་ཨི་རན་དབར་འདས་པའི་ནང་འབྲེལ་ལམ་བཟང་པོ་ཡོད་པའི་སྐོར་གསུངས་ཡོད་པ་དང། རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་ཨ་རིན་གཞུང་གིས་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་ནང་ས་ཡོམ་གྱི་གནོད་འཚེ་ཕོག་ཡུལ་དུ་དཔལ་འབྱོར་གྱི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་གནང་ཡོད་པ་རེད། རྒྱ་ནག་དེ་བཞིན་ཨི་རན་གྱི་ས་ནས་རྡོ་སྣུམ་མང་ཤོས་ཉོ་སྒྲུབ་བྱེད་མཁན་གྱི་རྒྱལ་ཁབ་དེ་ཡིན་པ་དང༌། ཕྱོགས་གཉིས་དབར་གྱི་གཞུང་འབྲེལ་འབྲེལ་ལམ་ཡང་རྒྱུན་དུ་ནས་བཟང་པོ་ཡོད་ཅིང༌། ཡིན་ནའང་ཨི་རན་གྱིས་རྡུལ་ཕྲ་རབ་ཀྱི་ཉིང་ཁུ་བཏོན་ནས་རྡུལ་ཕྲན་གྱི་གོ་མཚོན་བཟོ་སྐྲུན་བྱེད་ཀྱི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཚོས་ཡིད་ཆེད་བྱེད་ཀྱི་ཡོད་པ་བཞིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གཏན་འཇག་ཡུལ་གྲུ་ལྔའི་གྲས་ཡིན་པ་རྒྱ་ནག་གིས་ཀྱང་ཡུལ་གྲུ་གཞན་དང་མཉམ་དུ་ཨི་རན་ཐོག་རྡུལ་ཕྲན་གྱི་གོ་མཚོན་བཟོ་སྐྲུན་ལས་འཆར་སྤེལ་རྒྱུར་ངོ་རྒོལ་གྱི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།
ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།
རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།
རྒྱ་གཞུང་གིས་ཉེ་ཆར་ཡང་ཇ་ཞེས་པར་སྲོག་ཁྲིམས་བཅད་པ།
རྒྱ་གཞུང་གིས་བོད་ནང་སྔ་ལས་ལྷག་པའི་དམ་བསྒྲགས་བྱེད་བཞིན།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས།
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་འགྲོ་བཞིན་པ།