ཉི་ཧོང་དང་རྒྱ་གར་གཉིས་ཀྱི་ཚོང་འབྲེལ་གྲོས་མཐུན་སྐོར།

2008-10-09

ཉི་ཧོང་དང་རྒྱ་གར་གཉིས་དབར་དུས་ཚོད་རྒྱས་བཅད་ནང་ཚུད་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་ཐུབ་རྒྱུ་ཁག་པོ་ཆགས་ཀྱི་ཡོད་ལུགས་གསུངས་འདུག

༄༅༎རྒྱ་གར་དང་ཉི་ཧོང་གཉིས་དབར་ཚོང་དོན་གྲོས་མཐུན་འཇོག་ཐུབ་ཐབས་སུ་འདས་པའི་ཉིན་གྲངས་བཞིའི་རིང་རྒྱལ་ས་ཀྲོག་ཡོའི་ནང་གྲོས་མོལ་གནང་བཞིན་ཡོད་ཀྱང་མིང་བཏོན་མི་བྱེད་པའི་ཉི་ཧོང་གི་འབྲེལ་ཡོད་ལས་བྱེད་ཅིག་གིས་རྩ་བའི་ཡུལ་གཉིས་དབར་ཚོང་འབྲེལ་བྱེད་པའི་སྐབས་ཁྲལ་ཆག་ཡང་གཏོང་ཕྱོགས་སོགས་ཀྱི་སྐོར་དགོངས་ཚུལ་མི་མཐུན་པའི་དཀའ་ངལ་འཕྲད་བཞིན་ཡོད་སྟབས་དུས་ཚོད་རྒྱས་བཅད་ནང་ཚུད་གྲོས་མཐུན་བཞག་ཐུབ་ཨེ་ཡོང་བསམ་པ་ཞིག་འདུག ཡིན་ནའང་ཕྱོགས་གཉིས་ཀའི་ངོས་ནས་གང་དགའ་ཅི་ལེགས་ཀྱི་གྲོས་བསྡུར་བྱས་ནས་གང་མགྱོགས་གྲོས་མཐུན་ཞིག་འཇོག་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན་ཞེས་གསུངས་འདུག

ཉི་ཧོང་གི་སྲིད་བློན་གསར་པ་ཏ་རོ་ཨ་སོ་མཆོག་ནི་རྒྱ་གར་མཉམ་འབྲེལ་བ་ཟབ་ཏུ་གཏོང་གནང་རྒྱུའི་ཐུགས་འདོད་ཧ་ཅང་ཆེན་པོ་ཡོད་མཁན་ཞིག་ཡིན་སྟབས་ཡུལ་གཉིས་ཚོང་འབྲེལ་དང་ཉི་ཧོང་ནས་རྒྱ་གར་ནང་མ་རྩ་འཛུགས་ཕྱོགས་སོགས་ཀྱི་གནད་དོན་ཐོག་སྔོན་ཚུད་ནས་འབྲེལ་ཡོད་དབར་གྲོས་མོལ་གནང་ནས་རིམ་པས་ཕྱི་ཟླ་བཅུ་པའི་ཚེས་བཅུ་གཉིས་ཉིན་རྒྱ་གར་གྱི་སྲིད་བློན་མཆོག་ཉི་ཧོང་ལ་འཚམས་གཟིགས་གནང་བའི་སྐབས་གནད་དོན་འདིའི་ཐོག་གྲུབ་འབྲས་ཤིག་ཐོན་ཐུབ་པའི་ཐུགས་རེ་གནང་གི་ཡོད་འདུག

གསར་འགྱུར་དང་འབྲེལ་བའི་འཕྲུལ་རིག

གཞན་ལ་ཐོངས།
ཉིན་རེའི་གསར་འགྱུར་ལེན་ཐོ།
པར་བཀོད།

འབྲེལ་ཡོད་གནས་ཚུལ།

བུད་མེད་མནར་གཅོད་འགོག་པའི་རྒྱལ་སྤྱིའི་ཉིན་མོ།

རྒྱ་གར་དུ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས།

པ་ཀི་སི་ཐན་མི་དམངས་ཚོས་ཞི་བདེའི་ཆེད་གོམ་བགྲོས་གནང་བ།

རྒྱ་གར་སྲིད་བློན་ནས་དཔལ་འབྱོར་གྱི་ཐུགས་འགན་མཉམ་བཞེས།

རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཉམས་རྒུད་འགྲོ་བཞིན་པ།

རྒྱ་ནག་ནང་ཁ་ལོ་བ་གསུམ་བརྒྱ་ཙམ་ཞིག་གིས་ངོ་རྒོལ་བྱས་པ།

བོད་རིགས་སློབ་ཕྲུག་ཚོས་དུས་སྟོན་མཛད་སྒོ་གོ་སྒྲིག་ཞུས་པ།

བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ལྷན་ཚོགས།

མུམ་སྦའེ་འཇིགས་སྐུལ་དྲག་སྤྱོད་པ་རྩ་མེད་བཟོས་ཐུབ་པ་།


 
Radio Free Asia
2025 M Street NW, Suite 300
Washington DC 20036, USA
202-530-4900
tibetnews@rfa.org