བྱ་ཁྱུང་དགོན་མདུན་རང་ལུས་མེར་སྲེག

2013-02-24
གློག་འཕྲིན།
མཆན།
འགྲེམ་སྤེལ།
པར་བཀོད།
བྱ་ཁྱུང་དགོན་པའི་མདུན་རང་ལུས་མེར་སྲེག
ཕག་མོ་དོན་གྲུབ་ལགས་ཞུ་བས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་ཡོད་པའི་གནས་ཚུལ།
ཀུན་བཟང་བསྟན་འཛིན།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གོང་གསལ་གསར་འགོད་པར་བོད་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ལྟར་ན།
༄༅༎མཚོ་སྔོན་ཧྭ་ལུང་རྫོང་ཁུལ་དུ་ཡོད་པའི་བྱ་ཁྱུང་དགོན་པའི་ཆོས་རྭའི་ནང་ཕྱི་ཟླ་༢ཚེས་༢༤རེས་གཟའ་ཉི་མའི་དགོང་དྲོའི་ཆུ་ཚོད་ ༨ ཡོལ་ཙམ་ལ་རང་ལོ་༢༠ཡས་མས་ཡིན་པའི་ཕག་མོ་དོན་གྲུབ་ལགས་ཞུ་བ་ཞིག་གིས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་ཏུ་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་མཚོན་ཕྱིར་རང་ལུས་མེར་སྲེག་བཏང་འདུག ཁོང་ནི་མི་སྐྱ་ཞིག་ཡིན་འདུག གནས་ཚུལ་དེ་བྱུང་མ་ཐག་བྱ་ཁྱུང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་ཁོང་སྨན་ཁང་དུ་ཁྲིད་དེ་ད་ལྟ་སྨན་བཅོས་བྱེད་བཞིན་པ་དང་།དགེ་འདུན་པ་རྣམས་ཀྱིས་བྱ་ཁྱུང་དགོན་པར་སྨོན་ལམ་གསུང་བཞིན་པའི་སྒང་ཡིན་འདུག་ལ། གནས་ཚུལ་ཐོན་མ་ཐག་རྒྱ་ནག་གཞུང་གིས་དྲག་ཆས་དམག་མི་ཕོན་ཆེན་བྱ་ཁྱུང་དགོན་པར་འགྲེམས་འཇོག་བྱས་ཡོད་འདུག། ཁོང་གི་སྐྱེས་ཡུལ་ནི་བ་ཡན་རྫོང་(དཔའ་ལུང་རྫོང་) ཚྭ་ཕུག་ཤང་གི་བྱ་ཁྱུང་དགོན་པའི་ཉེ་འཁྲིས་ཀྱི་ས་དཀར་གོང་བའི་སྡེ་བ་ནས་རེད་འདུག། ཁོང་གི་ཕ་ཡི་མཚན་ལ་ཤ་བོ་ཞུ་གི་ཡོད་པ་རེད་འདུག།

མཆན། (0)
  • པར་བཀོད།
  • འགྲེམ་སྤེལ།
  • གློག་འཕྲིན།