ས་ཡོམ་བྱུང་ས་འདམ་གཞུང་ཁུལ་དུ་འཛུགས་སྐྲུན་བསྐྱར་གསོ་བྱ་རྒྱུའི་ཆེད་དུ་རོགས་དངུལ་རྒྱ་མིའི་སྒོར་མོ་ས་ཡ་ཉིས་བརྒྱ་ཙམ་གྱི་རོགས་རམ་དགོས།
༄༅༎བོད་རང་སྐྱོང་ལྗོངས་ཟེར་བའི་ས་གནས་དཔོན་རིགས་ཀྱིས་ད་རསེ་བོད་ཀྱི་འདམ་གཞུང་ཁུལ་དུ་ས་ཡོམ་གྱི་རང་འབྱུང་གནོད་འཚེ་ཕོག་པར་འཛུགས་སྐྲུན་བསྐྱར་གསོ་བྱ་རྒྱུའི་ཆེད་དུ་རོགས་དངུལ་རྒྱ་མིའི་སྒོར་མོ་ས་ཡ་ཉིས་བརྒྱ་ཙམ་གྱི་རོགས་རམ་དགོས་གལ་ཡིན་པའི་སྐོར་གསུང་ཡོད་པ་ཤིང་ཧ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ངོས་སུ་ཆགས་པའི་འདམ་གཞུང་ས་གནས་སུ་རེས་གཟའ་ཟླ་བའི་ཉིན་ས་ཡོམ་འགུལ་ཚད་དྲུག་དང་ཚག་དྲུག་རྒྱབ་པ་བཞིན་དེ་རིང་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཡོམ་གྱི་རང་འབྱུང་གནོད་འཚེ་རོགས་རམ་ལས་ཁང་གི་འགོ་ཁྲིད་དང་ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཆིན་དབྱི་ཁྲི་ཡིས་བཤད་དོན་ལ་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་གྱི་ས་གནས་མི་དམངས་ཚོར་དགུན་ཁ་དང་དཔྱིད་ཀའི་ནམ་དུས་རིང་ལ་ཁོང་ཚོ་འཚོ་གནས་འགན་ལེན་ཐུབ་པ་བཟོ་རྒྱུའི་ཆེད་དུ་སྔོན་ལ་རོགས་རམ་རྒྱ་མིའི་སྒོར་མོ་ས་ཡ་བདུན་དགོས་གལ་ཆེ་བ་དང་དེ་རྗེས་ས་ཡོམ་གནོད་འཚེའི་ནང་གཏོར་སྐྱོན་བཏང་བ་དེ་དག་གི་རྨང་གཞིའི་འཛུགས་སྐྲུན་གྱི་ཆེད་དུ་རོགས་དངུལ་རྒྱ་མིའི་སྒོར་མོ་ས་ཡ་ཉི་ཤུ་རོགས་རམ་དགོས་གལ་ཡིན་ཞིང་དེའི་ཐོག་ལ་ས་ཡོམ་ནང་མི་དམངས་ཀྱི་སྡོད་ཁྱིམ་རྩ་གཏོར་ཕྱིན་པ་རྣམས་བསྐྱར་དུ་འཛུགས་སྐྲུན་བྱ་རྒྱུར་རྒྱ་མིའི་སྒོར་མོ་ས་ཡ་བརྒྱ་དང་ལྔ་ཅུ་དང་ད་དུང་ས་ཡ་གཅིག་གྲོང་གསེབ་ཀྱི་སློབ་གྲ་ཁག་འཛུགས་སྐྲུན་བྱ་རྒྱུར་རོགས་རམ་འཕར་མ་དགོས་གལ་ཡོང་སྲིད་པའི་སྐོར་བཤད་ཡོད་པ་རེད། རྒྱ་ནག་གཞུང་གི་ཤིང་ཧ་གསར་ཤོག་ཐོག་ལ་རེས་གཟའ་ཟླ་བའི་ཕྱི་དྲོའི་ཚོུད་བཞི་དང་ཕྱེད་ཀའི་ཐོག་བོད་ཀྱི་འདམ་གཞུང་རྫོང་ནང་ས་ཡོམ་འགུལ་ཚད་དྲུག་དང་ཚག་དྲུག་རྒྱབ་ཏེ་ཁྱོན་དེ་རིང་བར་མི་བཅུ་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་མི་སུམ་ཅུ་སོ་གཉིས་རྨས་སྐྱོན་ཕོག་ཏེ་དེའི་ནང་ནས་མི་དགུ་ནི་ས་ཡོམ་གྱི་གནོད་འཚེ་བྱུང་ཡུལ་རང་དུ་འདས་གྲོངས་ཕྱིན་པ་དང་དེའི་ནང་ལ་མང་ཆེ་བ་བུད་མེད་དང་ཕྲུ་གུ།ལོ་ན་རྒན་པ་རིགས་ཡིན་པ་བཤད་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཕྱི་རྒྱལ་བས་བོད་དོན་རྒྱབ་སྐྱོར་གནང་བཞིན་པ།
༸གོང་ས་མཆོག་དང་ཅེཀ་རྒྱལ་ཁབ་ཀྱི་སྲིད་བློན་མཇལ་འཕྲད།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་རྒྱུན་ལས་ཚོཌ་འདུ།
ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།
བོད་དོན་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་དཔྱད་གཏམ།
བུད་མེད་མནར་གཅོད་འགོག་པའི་རྒྱལ་སྤྱིའི་ཉིན་མོ།