བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ཚོགས་འདུའི་ནང་མ་རྡེ་སི་མི་རིགས་ཀྱིས་ངོ་རྒོལ་སྐད་འབོད་གནང་སྟབས་ལྷན་ཚོགས་ཕར་འགྱངས་གནང་འདུག
༄༅༎བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ཚོགས་འདུའི་ནང་ ལྷོ་ཕྱོགས་མ་རྡེ་སི་མི་རིགས་ཀྱིས་ངོ་རྒོལ་སྐད་འབོད་གནང་སྟབས་ཚོགས་འདུ་རེ་ཞིག་གྲོལ་ཏེ་སང་ཉིན་བར་ལྷན་ཚོགས་ཕར་འགྱངས་གནང་དགོས་བྱུང་འདུག
བལ་ཡུལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ལྷོ་ཕྱོགས་མ་རྡེ་སི་མི་རིགས་གནས་སྡོད་བྱ་ཡུལ་ཁག་ལ་རང་སྐྱོང་ལྗོངས་འཛུགས་རྒྱུར་སྔར་ལོ་ཕྱི་ཟླ་༨ པའི་ནང་བར་བརྒལ་སྲིད་གཞུང་དང་མ་རྡེ་སི་མི་མང་ཐོབ་ཐང་ཚོགས་པའི་དབར་དོན་ཚན་༢༢ ཅན་གྱི་གྲོས་མཐུན་བཞག་ཡོད་པ་ལྟར་ རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་འཆར་འདོན་རྒྱུར་སེམས་ཐག་བཅད་ཡོད་ལུགས་ མ་རྡེ་སི་མི་རིགས་ཀྱི་ཚོགས་པའི་འཐུས་མིས་གསུངས་གནང་ཡོད་པ་རེད་ ཉེ་ལམ་མའོའི་སྲིད་དོན་ཚོགས་པ་དང་དམར་ཤོག་ཚོགས་པ་གཉིས་ཀྱིས་མ་རྡེ་སི་མི་རིགས་ཚོར་ཟུར་དུ་རང་སྐྱོང་ལྗོངས་འཛུགས་རྒྱུར་མོས་མཐུན་མེད་ལུགས་གསུངས་གནང་ཡོད་པ་རེད་ ཕྱོགས་མཚུངས་བལ་ཡུལ་གྱི་ལྷོ་ཕྱོགས་ས་ཁུལ་དུ་གདོད་མའི་མི་རིགས་ཐ་རུ་མི་རིགས་ཚོས་རྒྱལ་སའི་ནང་ངོ་རྒོལ་ཁྲོམ་བསྐོར་གནང་ཡོད་པ་རེད་ འོན་ཀྱང་བལ་ཡུལ་ཀོང་རེསི་ཚོགས་པས་མ་རྡེ་སི་མི་རིགས་ཚོའི་དགོས་འདུན་ལ་རྒྱབ་སྐྱོར་གནང་ཡོད་པ་མ་ཟད་ ལྷོ་ཕྱོགས་མ་རྡེ་སི་མི་རིགས་ཚོར་རང་སྐྱོང་ལྗོངས་གསར་འཛུགས་ཆོག་པའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་གྲོས་གཞི་གྲོས་འཆར་ལ་རྒྱབ་སྐྱོར་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་རེད་ བལ་ཡུལ་ཀོང་རེསི་ཚོགས་པས་བལ་ཡུལ་གྱི་བར་བརྒལ་སྲིད་གཞུང་ནང་མ་བཞུགས་པར་ཕྱོགས་འགལ་ཚོགས་པའི་འགན་ཁུར་བཞེས་རྒྱུའི་ཐག་གཅོད་གནང་དོན་ལྟར་ ལས་དོན་ལེགས་གྲུབ་ཡོང་ཐབས་སུ་ ཚོགས་མི་ཚང་མས་འབད་བརྩོན་ལྷོད་མེད་གནང་གལ་ཆེ་ལུགས་སྲིད་བློན་ཟུར་པ་ ཤེར་སྦ་ཧ་རྡུར་ཌེའུ་སྦ་ ཡིས་འབོད་སྐུལ་གནང་འདུག
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
མའོ་ཤོག་ཁའི་དམག་མི་རྒྱལ་ཁབ་དམག་དཔུང་དུ་མཉམ་ཞུགས།
བལ་ཡུལ་དུ་དམངས་གཙོ་དུས་ཆེན་གྱི་སྲུང་བརྩི།
བལ་ཡུལ་དུ་དམངས་གཙོ་དུས་ཆེན་སྲུང་བརྩི་གནང་ཡོད་པ།
བལ་ཡུལ་དུ་ཆུ་ལོག་གི་གནོད་འཚེ་ཕོག་ཡོད་པ།
བལ་ཡུལ་རྒྱ་ནག་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ།
ཧི་མ་ལཡ་མི་རིཌ་ཚོས་ཟས་བཅད་སྨྱུང་གནས་ལ་རྒྱབ་སྐྱོར།
བལ་ཡུལ་དུ་བོད་མི་ཚོས་ཟས་བཅད་སྨྱུང་གནས་གནང་བ།