རྒྱ་མིའི་ཉེན་རྟོག་པས་བོད་ཀྱི་ཆབ་མདོ་སྨར་ཁམས་རྫོང་དུ་འཁྲུག་འཛིངས་ཤིག་དཀྱིལ་དུ་མེ་མདའ་རྒྱབ་ཏེ་བོད་མི་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད་
༄༅༎བོད་ཀྱི་ཆབ་མདོ་སྨར་ཁམས་རྫོང་གི་ཉེན་རྟོག་པས་བོད་མི་ཞིག་ལ་མེ་མདའ་རྒྱབ་ཏེ་དམར་གསོད་བཏང་ཡོད་པ་དང་དོན་རྐྱེན་དེ་ནི་ཉིན་ཤས་གོང་གི་མཚན་མོ་ཞིག་ལ་སྨར་ཁམས་རྫོང་གི་ཉེན་རྟོག་པ་དང་ས་གནས་བོད་མི་ཁག་ཅིག་བར་འཁྲུག་འཛིང་བྱུང་སྟེ་ཉེན་རྟོག་པས་མེ་མདའ་བཏོན་ཏེ་རྒྱབ་རྒྱུའི་འཇིགས་སྐུལ་ཐེངས་མང་སྐུལ་བའི་རྗེས་མཐར་འཁྲུག་འཛིངས་དེའི་དཀྱིལ་དུ་མེ་མདའ་རྒྱབ་ཏེ་བོད་མི་གཅིག་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད་
རྒྱ་མིའི་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་དམར་གསོད་བཏང་བའི་བོད་མི་དེའི་མིང་དང་ལོ་ག་ཚོད་ཡིན་མིན་བཤད་རྒྱུ་མེད་ཀྱང་ཁོང་ནི་སྨར་ཁམས་རྫོང་སྒོ་པོ་ཆུས་ན་གད་ཤང་གི་བྱ་ལག་ཚང་ཟེར་བའི་ཁྱིམ་ཚང་བུ་ཡིན་པ་ངོ་སྤྲོད་གནང་གི་འདུག
ཡིན་ནའང་རྫོང་གི་ཉེན་རྟོག་པས་བཤད་ན། བོད་མི་དེ་དག་གིས་ཉེན་རྟོག་པ་དང་འཁྲུག་འཛིང་ཤུགས་ཆེ་རྒྱབ་པར་བརྟེན་ཉེན་རྟོག་པས་འཁྲུག་འཛིང་མཚམས་འཇོག་ཡོང་ཐབས་སུ་མེ་མདའ་མཁའ་དབྱིངས་སུ་རྒྱབ་པའི་སྐབས་ཁ་ཤོར་བ་ཡིན་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
ཕྱི་རྒྱལ་བས་བོད་དོན་རྒྱབ་སྐྱོར་གནང་བཞིན་པ།
༸གོང་ས་མཆོག་དང་ཅེཀ་རྒྱལ་ཁབ་ཀྱི་སྲིད་བློན་མཇལ་འཕྲད།
༸གོང་ས་མཆོག་ནས་ཕྱི་ལོར་ཐའེ་ལྦན་དུ་ཆིབས་བསྒྱུར་ཐུཌ་རེ།
རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོཌ་པའི་ཚོཌ་ཆེན་གྲུབ་ཡོད་པ།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བྱང་ཨ་རིའི་རྒྱུན་ལས་ཚོཌ་འདུ།
ཡུ་རོབ་སྤྱི་མཐུན་ནས་རྒྱ་ནག་མཉམ་འབྲེལ་ལམ་བསྐྱར་གསོ་ཡོང་རེ།
རྒྱལ་སྤྱིའི་ཨད་ཙི་ཉིན་མོ་དང་འབྲེལ་བའི་གནས་ཚུལ་ཐོན་པ།
རྒྱ་གཞུང་གིས་ཉེ་ཆར་ཡང་ཇ་ཞེས་པར་སྲོག་ཁྲིམས་བཅད་པ།