བལ་ཡུལ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མི་གསུམ་བརྒྱ་བལ་ཡུལ་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པའི་གནས་ཚུལ།
༄༅༎ཕྱི་ཟླ་བདུན་པའི་ཚེས་བཞི་གཟའ་པ་སངས་ཉིན་བལ་ཡུལ་ནང་ཡོད་པའི་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁང་མདུན་ངོ་རྒོལ་སྐད་འབོད་བྱས་པའི་རྐྱེན་གྱིས་བལ་ཡུལ་ཉེན་རྟོག་པས་ངོ་རྒོལ་གནང་མཁན་བོད་མི་གསུམ་བརྒྱ་ཡས་མས་ཤིག་འཇུ་བཟུང་བྱས་ཡོད་པ་ཉེན་རྟོག་དཔོན་རིགས་ནས་འགྲེལ་བརྗོད་བྱས་བཞག ངོ་རྒོལ་ནང་བཞུགས་མཁན་བོད་མི་ནང་མང་ཆེ་བ་བུད་མེད་དང་དགི་འདུན་ཡིན་པ་རེད། བོད་ནང་བོད་མི་ཚོའི་ངོ་རྒོལ་སྒེར་ལངས་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་པའི་རྗེས་བལ་ཡུལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེན་ཉིན་ལྟར་བཞིན་རྒྱ་ནག་གཞུང་ཚབ་ཁང་མདུན་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་མུས་ཡིན་པ་རེད༎
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས།
༸གོང་ས་མཆོག་སྨྱུང་གནས་ལས་འགུལ་ནང་ལྷན་ཞུཌ་གནང་རྒྱུ།
བལ་ཡུལ་དུ་བོད་མི་བརྒྱ་ལྷག་འཛིན་བཟུང་བྱས་ཡོད་པ།
བོད་ནས་བོད་མི་རྒྱ་གར་དུ་འབྱོར་བཞིན་ཡོད་པ།
རྒྱ་གར་དུ་བོད་མི་མང་པོ་འབྱོར་བཞིན་ཡོད་པ།
བལ་ཡུལ་དུ་བོད་མི་ཚོས་ངོ་རྒོལ་མུ་མཐུད་ནས་སྤེལ་བཞིན།
འཛམ་གླིང་ཞི་བདེའི་ཆེད་སྨྱུང་གནས་སྤེལ་བའི་རེ་སྐུལ།