འབར་མའི་དྲག་པོའི་གཞུང་གིས་ཉེ་ཆར་འབྱུང་བའི་གོད་ཆགས་ནང་རྐྱེན་ལམ་དུ་སོང་བའི་མི་མང་རྣམས་ལ་མྱ་ངན་ཞུ་ཆེད་ཉིན་གསུམ་གྱི་མྱ་ངན་ཞུ་རྒྱུ་ཡིན་འདུག
༄༅༎འབར་མའི་ནང་རླུང་འཚུབ་ཀྱི་གོད་ཆགས་བྱུང་སྟེ་ཉིན་གྲངས་བཅུ་བདུན་གྱི་རྗེས་སུ་ འབར་མའི་དྲག་པོའི་གཞུང་གིས་དེ་རིང་གཞི་ནས་འབྱུང་བའི་གོད་ཆགས་ནང་རྐྱེན་ལམ་དུ་སོང་བའི་མི་མང་རྣམས་ལ་མྱ་ངན་ཞུ་ཆེད་ ཉིན་གསུམ་གྱི་མྱ་ངན་ཞུ་རྒྱུའི་གསལ་བསྒྲགས་ཤིག་གནང་ཡོད་པ་རེད་ འབར་མའི་དྲག་པོའི་གཞུང་གི་གསལ་བསྒྲགས་ནང་ ཕྱི་ཚེས་༢༠ ནས་ ༢༢ ཀྱི་བར་ཉིན་གསུམ་གྱི་རིང་ རྒྱལ་ཡོངས་ལ་མྱ་ ངན་སྲུང་བརྩི་ཞུ་རྒྱུ་དང་ མྱ་ངན་མཚོན་འདོན་རྒྱལ་ཁབ་ཀྱི་རྒྱལ་དར་ཕྱེད་ཀ་བར་ཕབ་སྟེ་ མྱ་ངན་ཞུ་ཡི་ཡོད་པ་རེད་ འབར་མའི་ནང་རླུང་འཚུབ་དྲག་པོའི་གོད་ཆགས་ཆེན་པོ་དེའི་ནང་ མི་མང་ཆིག་འབུམ་གསུམ་ཁྲི་ཙམ་འཆི་བའམ་ ཡང་ན་གར་སོང་ཆ་མེད་གྱུ་ཡོད་པ་ཚོད་དཔག་གནང་གི་ཡོད་པ་རེད་ འབར་མའི་མི་མང་ལ་འཕྲད་བཞིན་པའི་ཛ་དྲག་གི་དཀའ་སྡུག་དེ་ངལ་སེལ་གྱི་ཆེད་རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་རོགས་སྐྱོར་མཁོ་སྤྲོད་གནང་རྒྱུའི་གྲ་སྒྲིགས་ཨང་སར་ཡོད་ཀྱང་ འབར་མའི་དྲག་པོའི་གཞུང་གིས་ རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པ་ཡུལ་ནང་རོགས་སྐྱོར་གྱི་ལས་དོན་གཉེར་བ་མ་བཏང་བར་ རྣོ་བསམ་གཏོང་བཞིན་ གོད་ཆགས་འོག་འཚོ་གནས་ཐུབ་པའི་མི་མང་རྣམས་ཀྱི་ཚེ་སྲོག་ལ་ཉེན་ཚབས་ཕར་མ་བཟོ་བཞིན་ཡོད་པར་ འབར་མའི་དྲག་པོའི་གཞུང་གི་བྱ་སྤྱོད་དེར་ རྒྱལ་སྤྱིའི་ནང་སྐྱོན་བརྗོད་ཤུགས་ཆེ་ཕོག་སྟེ་ཡོད་པ་རེད་ གནད་དོན་ཉམས་ཞིབ་པ་ཚོས་གསུངས་ན་ འབར་མའི་དྲག་པོའི་གཞུང་གིས་ཉིན་གྲངས་བཅུ་བདུན་གྱི་རྗེས་སུ་ དེ་རིང་གཞི་ནས་འབྱུང་བའི་གོད་ཆགས་ནང་ཚེ་སྲོག་ཤོར་བའི་མང་ཚོགས་ཀྱི་ཆེད་མྱ་ངན་གསལ་བསྒྲགས་གནང་བ་དེ་ གོད་ཆགས་ནང་མི་མང་ཆེས་མང་པོ་ཞིག་ལ་སྲོག་སྐྱོན་ཕོག་པའི་གནད་དོན་གཞི་ནས་ངོས་འཛིན་ཞུས་པའི་རྣམ་འགྱུར་ཞིག་མཚོན་གྱི་ཡོད་སྐོར་གསུངས་ཀྱི་ཡོད་པ་དང་ དྲག་པོའི་གཞུང་གི་འགོ་ཁྲིད་དམག་དཔོན་ ཐཱན་ཤ་ཝེ་ ལ་ཆ་མཚོན་ནའང་ དེ་རིང་གཞི་ནས་རྒྱལ་ས་རྙིང་པ་ཡཱང་གུན་ནང་གོད་ཆགས་ཕོག་པའི་མི་མང་གི་སྐྱབས་བཅོལ་གྱི་སྡོད་གར་ཞིག་ལ་གཟིགས་སྐོར་གྱིས་ ཐུགས་འཁུར་ཡོད་པའི་ཚོར་སྣང་ཞིག་བཏོན་པ་ལས་ གཞན་མི་མང་ལ་ཕན་པའི་ཁ་ཡོད་ལག་ཡོད་ཀྱི་ལས་འཁུར་ཐུབ་མེད་པའི་སྐྱོན་བརྗོད་དྲག་པོ་ཕོག་བཞིན་ཡོད་པ་རེད་
|
|
གཞན་ལ་ཐོངས། |
|
|
ཉིན་རེའི་གསར་འགྱུར་ལེན་ཐོ། |
|
|
པར་བཀོད། |
འབར་མའི་མང་གཙོ་ཚོགས་པའི་ཚོགས་གཙོ་ཨང་སན་སྐོར།
རྒྱལ་ཚོགས་ཀྱི་སྐུ་ཚབ་ནས་ལྕམ་སུའུ་ཆི་མཇལ་འཕྲད་ཐུགས་རེ།
མཉམ་འབྲེལ་རྒྱལ་ཚོགས་ནས་འབར་མའི་སྐུ་ཚབ་བསྐོ་བཞག
རྒྱ་ནག་གིས་འབར་མར་རྒྱབ་བསྐྱོར་མཚམས་འཇོག་བྱེད་དགོས།
ལྷོ་ཤར་ཨེ་ཤི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་འཛུགས་ཕྱོགས།
འབར་མའི་གཞུང་ནས་སྒྲིག་གཞི་ལག་ལེན་འཁེལ་རྒྱུ་ཐེ་ཚོམ།
འབར་མའི་ནང་འབྱུང་བའི་གོད་ཆགས་ངལ་སེལ་ལ་དཀའ་ངལ་འཕྲད་སྐོར།
ཨོསོ་ཀྲོ་ལི་ཡ་བོད་མི་ཚོས་རྒྱ་ནག་དང་འབར་མའི་ཆེད་མཆོད་འབུལ།